རྔ་བ་ཁུལ་གྱིས་ཁུལ་བཙུགས་ནས་ལོ་འཁོར་70ལོན་པའི་དགའ་སྟོན་བྱེད་སྒོ་ཟླ་9ཚེས15ཉིན་ནས་ཚེས་17ཉིན་བར་དུ་འཚོགས་རྒྱུ་རེད།

ཆོས་རྒྱས་ཀྱིས་བྲིས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།རྔ་བ་ཉིན་རེའི་ཚགས་པར། སྤེལ་དུས། 09-11


 ཟླ་9ཚེས་4ཉིན། མཚར་སྡུག་འོད་སྟོང་གི་ལོ་ངོ་བདུན་ཅུ།།དྲིན་གཟོ་ཡར་བརྩོན་གྱི་རྔ་ཁུལ་གསར་བ།། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་70ལོན་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཧེ་དབྱང་དང་། ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཞུས་ལེ་ཚོགས་འདུར་ཞུགས། གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རུ་ལོ་ངོ་70རིང་གི་རྔ་བ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་དོན་སོ་སོའི་གྲུབ་འབྲས་དང་འཕེལ་རྒྱས་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་དབྱིས་ཁྱབ་བསྒྲགས་ཚོགས་འདུའི་གཙོ་འགན་བཞེས།

གསར་འགོད་པས་ཚོགས་འདུ་ལས་རྒྱུས་ལོན་པ་ལྟར་ན། རྔ་བ་ཁུལ་གྱིས་མཚར་སྡུག་འོད་སྟོང་གི་ལོ་ངོ་བདུན་ཅུ། དྲིན་གཟོ་ཡར་བརྩོན་གྱི་རྔ་ཁུལ་གསར་བ་བརྗོད་གཙོར་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་བརྗོད་བྱར་བཟུང་བའི་ཁུལ་བཙུགས་ནས་ལོ་འཁོར་70ལོན་པའི་དགའ་སྟོན་བྱེད་སྒོ་རབ་དང་རིམ་པ་དེ་ཟླ་9ཚེས15ཉིན་ནས་ཚེས་17ཉིན་བར་དུ་འབར་ཁམས་གྲོང་ཁྱེར་དུ་འཚོགས་རྒྱུ་རེད།

རྔ་བ་ཁུལ་བཙུགས་ནས་ལོ་འཁོར་70ལོན་པའི་དགའ་སྟོན་བྱེད་སྒོ་སྤེལ་བ་དེས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ་མཚོན་ཕྱིར་དང་། འདས་པའི་ལོ་ངོ་70རིང་གི་འཕེལ་རྒྱས་ཀྱི་ངོ་མཚར་བྱུང་བར་ཕྱོགས་བསྡོམས་དང་། ལོ་ངོ་70རིང་གི་འབད་བརྩོན་གྱི་གྲུབ་འབྲས་ངོམས་པ། ཡིད་དུ་འོང་བའི་མ་འོངས་པའི་མདུན་ལྗོངས་བསུ་བ། ཁུལ་ཡོངས་ཀྱི་སྟོད་སྨད་བར་གསུམ་ཀུན་གྱིས་རྡོག་རྩ་གཅིག་སྒྲིལ་སྒོས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་བསྐྲུན་པར་སྟོབས་ཤུགས་འབུལ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1