མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ངོ་མཚར་བཏོད་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ལིན་ཧའེ། ཀྲོའུ་ཧྲེང་ཧྲེང་། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-26

མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ངོ་མཚར་བཏོད་པ།

—— རྒྱལ་ཁབ་སྤྱི་གླིང་གིས་རྩ་ཆེའི་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ།

འདི་ནི་2022ལོའི་ཟླ་6ཚེས་29ཉིན་པར་བླངས་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོའི་ཁུལ་གྱི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་རྣམ་སྲས་གྲོག་རོང་ཆེན་པོའི་ཟུར་ཞིག་ཡིན་པ།

“ང་ཚོས་མི་མེད་གནམ་གྲུ་སོགས་ཚན་རྩལ་སྒྲིག་ཆས་དང་དེ་བཞིན་རང་བྱུང་སྐྱེ་ཁམས་ལ་ལྟ་ཞིབ་ཚད་ལེན་དང་ཐཱན་འདུས་དུས་ཐོག་ཏུ་ཚད་ལེན་བྱེད་པའི་ས་ངོས་རིག་ནུས་མཐའ་སྣེ་སྤྱད་དེ། རྒྱལ་ཁབ་སྤྱི་གླིང་ནང་གི་སྲོག་ཆགས་རིགས་ལ་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོང་བྱེད་པར་རམ་འདེགས་ནུས་ལྡན་བྱེད་ཀྱི་ཡོད”ཅེས་པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་མི་མེད་མ་ལག་ཞིབ་འཇུག་ཁང་གི་སྤྱི་ཁྱབ་བཟོ་བཀོད་པ་ཀྲུའུ་མིང་གིས་བཤད།

ང་ཚོས་སྲུང་སྐྱོང་ཁྲོད་དམངས་འཚོ་ལེགས་སུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱེད་ཀྱི་ཡོད”ཅེས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས(རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས)ཀྱི་ཅུས་ཀྲང་ཀོན་ཀྲེ་ཨུའོ་ཡིས་བཤད། ཁོང་གིས། མིག་སྔར་རྒྱལ་ཁབ་སྤྱི་གླིང་གིས་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་བྱེད་པ། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དང་། སྐྱེ་ཁམས་ཡུལ་སྐོར། རང་བྱུང་སློབ་གསོ། ཡུལ་སྐོར་ཉམས་ལེན་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་ཡོད་ཅེས་བཤད།

འབྲོག་པ་བཀྲ་ཤིས་དབང་གྲགས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་ཆུ་དམར་ཤང་ངམ་ར་གྲོང་ཚོ་ནས་ཡིན་པ་དང་གྲོང་ཚོ་དེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་ཁུལ་དུ་གནས་ཡོད། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་བ་ཡིན་པའི་ཁོང་གིས་ལོ་ཤས་རིང་འབྲི་ཆུའི་ཆུ་འགོ་ནས་གསའ་དང་འབྲོང་སོགས་རྩ་ཆེའི་སྲོག་ཆགས་མང་པོ་པར་ལེན་ཐུབ་ཡོད།

སྐབས་འདིའི་གླེང་སྟེགས་ནང་རང་རྒྱལ་གྱིས་རྨ་ཆུའི་ཆུ་མདོ་དང་། ཆན་ཅང་གཙང་པོའི་ཆུ་འགོ་པའེ་ཧྲན་ཙུའུ། ཁ་ལཱ་མའེ་ལི་སོགས་རྒྱལ་ཁབ་སྤྱི་གླིང་གསར་པ་བསྐྲུན་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།

འདི་ནི་གཙོད་ཕྲུག་བཙའ་ལ་ཉེ་བའི་གཙོད་མོ་ཁྱུ་གཅིག་མཚོ་བོད་གཞུང་ལམ་བརྒྱུད་ནས་ཁུ་ཁུ་ཤིས་རིའི་རྩོ་ནག་མཚོའི་རྒྱུད་དུ་གཙོད་ཕྲུག་བཙའ་བར་སྐྱོད་བཞིན་པ།

འདི་ནི་གཙོད་ཕྲུག་བཙའ་ལ་ཉེ་བའི་གཙོད་མོ་ཁྱུ་གཅིག་མཚོ་བོད་གཞུང་ལམ་བརྒྱུད་ནས་ཁུ་ཁུ་ཤིས་རིའི་རྩོ་ནག་མཚོའི་རྒྱུད་དུ་གཙོད་ཕྲུག་བཙའ་བར་སྐྱོད་བཞིན་པ།

འདི་ནི་2020ལོའི་ཟླ་10ཚེས་30ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་ཁོངས་ཀྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་ཁུལ་དུ་ཁྲུང་ཁྲུང་མགོ་ཁྲ་ཆུ་ཁར་ངལ་གསོ་བཞིན་པ།

འདི་ནི་2020ལོའི་ཟླ་10ཚེས་30ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་ཁོངས་ཀྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་ཁུལ་དུ་ཁྲུང་ཁྲུང་མགོ་ཁྲ་ཆུ་ཁར་ངལ་གསོ་བཞིན་པ།

འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་རྣམ་སྲས་ཤང་གི་རྣམ་སྲས་གྲོག་རོང་དུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་བ་དཀོན་མཆོག་ཆོས་འཕེལ་སྐོར་གཡེང་ལ་སྐྱོད་བཞིན་པ།

འདི་ནི་2021ལོའི་ཟླ་10ཚེས་20ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོའི་ཀླུ་ནག་གྲོང་ཚོའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་སྐྱེ་ཁམས་བདག་སྐྱོང་བ་ཨ་མཚོས་མཚོ་སྐྱ་རེངས་ཀྱི་ཉེ་འགྲམ་ནས་གད་སྙིགས་སྒྲུག་བཞིན་པ།

འདི་ནི་2022ལོའི་7ཚེས་21ཉིན་འབྲི་ཆུའི་ཆུ་འགོའི་ཁུལ་ནས་པར་བླངས་པའི་ཁ་བས་བཀླུབས་པའི་སྐུ་ལྷ་དར་གདོང་གི་མཛེས་ལྗོངས་ཡིན་པ།

འདི་ནི་2022ལོའི་7ཚེས་21ཉིན་འབྲི་ཆུའི་ཆུ་འགོའི་ཁུལ་ནས་པར་བླངས་པའི་ཁ་བས་བཀླུབས་པའི་སྐུ་ལྷ་དར་གདོང་གི་མཛེས་ལྗོངས་ཡིན་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1