༄༅།།སྤྱི་བསང་དུས་ཆེན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ་ལས་དྲངས། སྤེལ་དུས། 09-26


     སི་ཁྲོན་ཞིང་ཆེན་འབར་ཁམས་ཕྱོགས་ཀྱི་རྒྱལ་རོང་ས་ཁུལ་དུ་དམངས་ཁྲོད་ཀྱི་དུས་ཆེན་ཞིག་དར་སྲོལ་ཆེ་ལ།  བོད་སྐད་དུ་རི་མགོ་འཛོམས་མྱོས་དང་ཡང་ན་སྤྱི་བསང་དུས་ཆེན་ཟེར།  དེང་སང་རྒྱ་སྐད་དུ་མེ་ཏོག་ལ་ལྟ་བའི་དུས་ཆེན་ཟེར།  ལོ་གཅིག་གི་རིང་དུ་ཐེངས་གཉིས་ལ་དུས་ཆེན་དེ་རོལ་རོལ་སྲོལ་མཆིས་ཏེ།  གཅིག་ནི་ལུགས་རྙིང་ལོའི་ཟླ་བ་ལྔ་པའི་ཚེས་བཞི་ཉིན་ཡིན་ལ།  བོད་སྐད་དུ་རི་མགོ་འཛོམས་མྱོས་ཞེས་བརྗོད་དེ་ཕྱི་རོལ་ཡུལ་གྱི་རི་མགོ་དང་སྤང་ཐོག་ཕྱིན་ཏེ་མེ་ཏོག་ལ་སོགས་པ་མཛེས་ལྗོངས་ལ་རོལ་བའི་དོན་ཡིན།  གཅིག་ནི་སྤྱི་ལོའི་ཟླ་བ་བཅུ་གཅིག་པའི་ནང་ཡིན་ལ།  བོད་སྐད་དུ་དང་རབ་འཛོམས་མྱོས་ཞེས་ཟེར་ཏེ་སྟོན་ཀའི་དཔལ་ལ་རོལ་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞེས་པའི་དོན་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1