རྔ་བ་ཁུལ་འཛམ་ཐང་རྫོང་གིས་ཁྲོམ་སྲང་མཛེས་པར་བརྒྱན་ནས་གནམ་ལོ་གསར་པ་བསུ་བཞིན་པ།

གསར་འགོད་པ། ནོར་སྦྱིན་འཚོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 02-06


གནམ་ལོ་གསར་ཚེས་ལ་སྤྲོ་སྐྱིད་ཀྱི་རྣམ་པ་ཡག་པོ་ཞིག་བསྐྲུན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བཀྲ་ཤིས་ལྷན་འཛོམས་ཀྱི་དུས་ཡག་སྐལ་བཟང་བསུ་ཆེད། ཉེ་ཆར། འཛམ་ཐང་རྫོང་གིས་ཁྲོམ་སྲང་མཛེས་པར་བརྒྱན་པའི་ལས་ཀ་ཧུར་ཐག་གིས་བསྒྲུབས།

གསར་འགོད་པས་འཛམ་ཐང་རྫོང་གི་སྲིད་གཞུང་ཐང་ཆེན་དང་ཁྲོམ་སྲང་གཙོ་བོར་ལས་བྱེད་པ་རྣམས་ཀྱིས་ལྒང་བཞུ་དང་མཛེས་སྤྲས་འདོགས་ཆ་འགེལ་བའི་ལས་ལ་བྲེལ་བཞིན་པ་མཐོང་། གྲལ་འགྲིག་པའི་ལྒང་བཞུ་དམར་པོ་རེ་རེ་རླུང་བུ་རྒྱུ་བ་དང་བསྡེབས་ནས་དལ་གྱིས་གཡོས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་རྟེན་འབྲེལ་ཞུས། ཁྲོམ་སྲང་མཛེས་པར་བརྒྱན་པས་བཀྲ་ཤིས་འཆམ་མཐུན་གྱི་རྣམ་པས་ཁེངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1