ཝང་ཞའོ་ཧུའེ་ཡིས་རྔ་བ་ཁུལ་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 02-07


བསམ་པ་དང་བརྩེ་བས་ལུགས་རྙིང་ལོ་སར་སྐབས་ཀྱི་ལས་ཀ་རེ་རེ་ལེགས་པར་བསྒྲུབས་ཏེ། མི་དམངས་མང་ཚོགས་ལ་དྲོ་སྐྱིད་ངང་དགུན་བརྒལ་བ་དང་དགའ་སྐྱིད་ངང་ལོ་སར་རོལ་དུ་འཇུག་དགོས།

ཟླ་2ཚེས་4ཉིན། ཞིང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་མའོ་རྫོང་ཧླུ་ཧྲིན་གྲོང་རྡལ་ཧྲེང་ཀོན་གྲོང་སྡེར་རྟོག་ཞིབ་ཏུ་ཕེབས་ཤིང་། གྲོང་སྡེའི་དམངས་ལ་སྟབས་བདེའི་ཞབས་ཞུ་ཁང་ནས་ཝང་ཞའོ་ཧུའེ་ཡིས་གྲོང་སྡེའི་རྨོ་ཞིང་གི་རྒྱ་ཁྱོན་དང་ཐོན་ལས་གཙོ་བོ་གྲུབ་ཚུལ། གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས། གྲོང་དམངས་ཀྱི་ཡོང་འབབ་ཡོང་ཁུངས་སོགས་ཀྱི་གནས་ཚུལ་ཞིབ་མོར་འདྲི་བཞིན་པ།

ཟླ་2ཚེས་4ཉིན་ནས་ཚེས་5ཉིན་བར། ཞིང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་རྔ་བ་ཁུལ་གྱི་མའོ་རྫོང་དང་ཁྲོ་ཆུ་རྫོང་དུ་ཕེབས་ཏེ། ལུགས་རྙིང་ལོ་སར་སྐབས་ཀྱི་གནོད་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་འགན་སྲུང་སོགས་ཀྱི་ལས་ཀར་ཞིབ་བཤེར་དང་མཛུབ་སྟོན་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་སེལ་་སྐོར་གྱི་རབ་དང་རིམ་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཏིང་ཟབ་མོར་དོན་འཁྱོལ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ནན་གྱིས་ལག་ཏུ་བསྟར་བ། བསམ་པ་དང་བརྩེ་བས་ལུགས་རྙིང་ལོ་སར་སྐབས་ཀྱི་ལས་ཀ་རེ་རེ་ལེགས་པར་བསྒྲུབས་ཏེ། མི་དམངས་མང་ཚོགས་ལ་དྲོ་སྐྱིད་ངང་དགུན་བརྒལ་བ་དང་དགའ་སྐྱིད་ངང་ལོ་སར་རོལ་དུ་འཇུག་དགོས།

ཁྲོན་ནུབ་མཐོ་སྒང་གི་རི་ལུང་གཟར་ཅིང་ཟབ་པས་ས་གཤིས་གནོད་འཚེ་དང་མེ་སྐྱོན་འབྱུང་སླ་ཞིང་མང་དུ་འབྱུང་ཉེན་ཆེ་ལ། སྒོས་སུ་མིག་སྔར་མངའ་ཁོངས་ཁ་ཤས་སུ་དྲོད་ཚད་དམའ་ཞིང་ཁ་ཆར་བབས་པ་དང་འཁྱག་རོམ་ཆགས་ཡོད་པས། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཅུང་ཆེ་བ་བཟོས་འདུག རྟོག་ཞིབ་གནང་སྐབས། ཝང་ཞའོ་ཧུའེ་ཡིས་གཞི་རིམ་དུ་སྤེལ་བ་བཞི་ཡི་བླང་བྱ་ནན་གྱིས་དོན་འཁྱོལ་བྱས་ཏེ། མའོ་རྫོང་ཁྲི་པུའུ་སུའུ་གྲོང་རྡལ་ཆུ་གཉིས་འདྲེས་མདོ་རུ་ཡོད་པའི་ས་གཤིས་གནོད་འཚེ་རྡིབ་ཉིལ་ས་ཚིགས་སུ་ཕེབས་ཏེ། ཡུལ་དངོས་ནས་ལ་ངོས་བྲག་གཟར་གཙང་སེལ་དང་འགོག་སྲུང་དྲྭ་བ་འཐེན་པ་སོགས་ཀྱི་བྱེད་ཐབས་ལག་ཏུ་བསྟར་ཚུལ་དང་དེ་མིན་རྗེས་ཕྱོགས་ཀྱི་འགོག་བཅོས་འཆར་གཞི་ལ་རྒྱུས་ལོན་མཛད་ཅིང་མིག་སྔར་ལྐོག་གནས་རྐྱེ་ངན་ས་ཚིགས་བཅོས་སྐྱོང་ལ་གནས་པའི་དཀའ་ངལ་དང་གནད་དོན་ཐག་གཅད་པར་མཛུབ་སྟོན་དང་རོགས་སྐྱོར་མཛད། འབྲེལ་ཡོད་ཕྱོགས་ལ་བདེ་འཇགས་འགན་བླངས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་རིག་ལྟར་ལས་གཞི་བཀོད་སྒྲིག་བྱེད་པ་དང་། སྔ་སེ་ནས་རྡིབ་ཉིལ་ཕུང་པོ་ལས་འདབས་འོག་གཞུང་ལམ་གྱི་འཇིགས་སྐུལ་བསལ་ནས་མང་ཚོགས་བདེ་འཇགས་འགྲོ་འོང་ཁག་ཐེག་བྱ་དགོས་པའི་མངག་བཅོལ་གནང་། མའོ་རྫོང་ཕྱོགས་བསྡུས་མཁོ་བསྟུན་རོགས་སྐྱོབ་ལྟེ་གནས་གཉིས་པ་ནས་ཝང་ཞའོ་ཧུའེ་ཡིས་རོགས་སྐྱོབ་སྒྲིག་ཆས་སྒྲིག་བཀོད་ལ་ཞིབ་མོར་གཟིགས་ཞིབ་མཛད་ཅིང་བརྙན་ལམ་ལྟ་སྐུལ་ཚོད་འཛིན་དང་བཀོད་གཏོང་ལ་བརྟེན་ནས་བདེ་འཇགས་ལོ་སར་སྲུང་སྐྱོང་དང་ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་ཀ་སྤེལ་ཚུལ་ལ་རྒྱུས་ལོན་མཛད་དེ། རིམ་པ་སོ་སོའི་མཁོ་བསྟུན་རོགས་སྐྱོབ་དཔུང་སྡེ་ཡིས་ལེགས་ཆ་ཡི་ཕན་ནུས་གང་ལེགས་སུ་སྤེལ་བ་དང་དངོས་འཐབ་འཁྲབ་སྦྱོང་ལ་ཤུགས་སྣོན་པ། གནོད་འགོག་གནོད་སེལ་དང་མཁོ་བསྟུན་ཚོར་སྣང་གི་འཇོན་ནུས་མུ་མཐུད་དུ་ཇེ་མཐོར་གཏོང་བ། ཐོལ་བྱུང་གི་གནས་ཚུལ་ལ་འཕྲད་ན་མྱུར་བར་སྦྱོར་བ་རྩོམ་པ་དང་འཕྲལ་མར་ཐག་གཅད་དགོས་ཞེས་ནན་གྱིས་བསྟན། རྔ་བ་ཁུལ་གྱིས་ལུགས་རྙིང་ལོ་སར་སྔ་གཞུག་ཏུ་གནོད་འགོག་གནོད་སེལ་དང་དྲོད་ཚད་དམའ་ཞིང་ཁ་ཆར་འབབ་པ། འཁྱག་རོམ་ཆགས་པ་སོགས་ཀྱི་གནོད་འཚེ་འགོག་ཟོན་ལས་ཀ་ལེགས་པར་བསྒྲུབས་ཚུལ་གྱི་ཡར་ཞུར་གསན་རྗེས། ཝང་ཞའོ་ཧུའེ་ཡིས་བླང་བྱ་བཏོན་དོན། ས་གནས་ཁག་གིས་མི་དམངས་བླ་མེད་དང་ཚེ་སྲོག་བླ་མེད་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ་དང་། འགོག་ཟོན་ནི་གནོད་སེལ་ལས་རྒྱལ་བའི་འདུ་ཤེས་བརྟན་པོར་འཆང་བ། གནོད་འགོག་གནོད་སེལ་གྱི་ལས་ཀ་རེ་རེ་གང་ནུས་ཀྱིས་དམ་པོར་འཛིན་པ། ནང་སྒོས་སུ་དྲོད་ཚད་དམའ་བས་གངས་འཁྱག་འབྱུང་ཤས་ཆེ་བའི་ས་གནས་ཁག་ལ་ལྟ་སྐུལ་ཚད་ལེན་དང་ཉེན་བརྡ་གཏོང་བར་ཤུགས་སྣོན་པ་དང་། ལས་རེས་ལས་སྲུང་ལ་བརྩོན་དགོས་ཤིང་། གནོད་སེལ་འགོག་ཟོན་ལ་ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་བསྒྲུབ་པ། འགྲིམ་འགྲུལ་སྐྱེལ་འདྲེན་དང་ནུས་ཁུངས་བརྡ་འཕྲིན་བདེ་འཇགས་ཤར་གཏོང་དང་ཞིང་ནགས་དངོས་ཟོག་དང་སྒོ་ཕྱུགས་ཀྱི་གྲང་འགོག་འཁྱག་སེལ་སོགས་ཀྱི་ལས་ཀ་དངོས་འཛིན་དམ་འཛིན་བྱེད་དགོས། ཚད་ཆེས་མཐོ་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་པ་དང་སྦྲགས། ལོ་སར་སྐབས་ཀྱི་དམངས་འཚོའི་དངོས་ཟོག་མཁོ་སྤྲོད་་རིན་བརྟན་ལས་ཀ་དམ་པོར་འཛིན་པ། ནོར་ཁུངས་རྩ་འཛུགས་དང་ཚོང་ར་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་འཚོ་བའི་སྒྲིག་རིམ་དངོས་སུ་བསྲུང་དགོས།

ཟླ་2ཚེས་4ཉིན། ཞིང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་མའོ་རྫོང་ཕྱོགས་བསྡུས་མཁོ་བསྟུན་རོགས་སྐྱོབ་ལྟེ་གནས་གཉིས་པར་ཕེབས་ནས་རྟོག་ཞིབ་མཛད་ཅིང་། བརྙན་ལམ་ལྟ་སྐུལ་ཚོད་འཛིན་བཀོད་གཏོང་ལ་བརྟེན་ནས་བདེ་འཇགས་ལོ་སར་སྲུང་སྐྱོང་དང་ནགས་ཚལ་རྩྭ་ཐང་མེ་འགོག་མེ་གསོད་ལས་ཀ་སྤེལ་ཚུལ་ལ་རྒྱུས་ལོན་མཛད།

མིག་སྔར་ལོ་སར་སྐྱེལ་འདྲེན་ལ་འཁེལ་ཡོད་པས་ཁྲོན་མཚོ་ལྕགས་ལམ་སྐྱེལ་འདྲེན་སྔར་བས་བྲེལ་བ་ཆེ། ན་ནིང་གི་ཟླ་11པའི་ཟླ་མཇུག་ཏུ་ཆིང་པའེ་ཅང་ཤར་ནས་ཀྲེན་ཅང་ཀོན་བར་མེ་འཁོར་དངོས་སུ་ཤར་གཏོང་དང་སྐྱེལ་འདྲེན་བྱས་ཏེ། རྔ་བ་ཁུལ་ལྕགས་ལམ་མེད་པའི་ལོ་རྒྱུས་་མཇུག་རྫོགས་ཤིང་མེ་འཁོར་གྱི་དུས་རབས་སུ་བསླེབས། ཁྲོན་མཚོ་ལྕགས་ལམ་མའོ་རྫོང་ས་ཚིགས་ནས། ཝང་ཞའོ་ཧུའེ་ཡིས་ལོ་སར་སྐྱེལ་འདྲེན་སྐབས་སུ་ལས་རྐང་སྲུང་བའི་ལྕགས་ལམ་ལས་བཟོ་པ་རྣམས་ལ་འཚམས་འདྲི་གནང་བ་དང་། ལྕགས་ལམ་མ་ལག་གི་ལོ་སར་སྐྱེལ་འདྲེན་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད་ལས་ཀའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ལས་སྒྲུབ་མི་སྣས་མེ་འཁོར་ཤར་གཏོང་བྱུང་བ་ནས། མའོ་རྫོང་ས་ཚིགས་ཀྱིས་ཁྱོན་འགྲུལ་བ་མི་ཐེངས་ཁྲི་16ལྷག་ལ་སྣེ་ལེན་བྱས་ཡོད་ཅེས་ངོ་སྤྲད་པ་ན། ཝང་ཞའོ་ཧུའེ་ཡིས་གནས་ཚུལ་འདི་ལ་གདེང་འཇོག་ལེགས་པོ་གནང་། ཁོང་གིས་བསྟན་དོན། ལོ་སར་སྔོན་ལ་རང་ཡུལ་དུ་ལོག་མཁན་དང་ལོ་སར་རྗེས་སུ་ལས་གླར་འགྲོ་མཁན་ཅུང་མང་བས། ལོ་སར་སྐྱེལ་འདྲེན་རྩ་འཛུགས་འགན་སྲུང་དངོས་སུ་དམ་འཛིན་དང་སྐྱེལ་འདྲེན་ནུས་པ་བཀོད་གཏོང་ལ་ཤུགས་སྣོན་པ། སྣེ་ལེན་ནུས་པ་དང་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་བ། འགྲུལ་བ་བདེ་འཇགས་འགྲོ་འོང་དང་གོ་རིམ་ལྡན་པ་ཁག་ཐེག་བྱ་དགོས། ཝང་ཞའོ་ཧུའེ་ཡིས་ལོ་སར་སྐབས་སུ་ལྗོངས་སྐོར་ཚོང་ར་ཡི་བདེ་འཇགས་ཐོན་སྐྱེད་ལས་ཀར་ཐུགས་ཁུར་ཆེན་པོ་གནང་བཞིན་འདུག ཁོང་ཉིད་ཁྲོ་ཆུ་རྫོང་ཏ་ཁོག་འཁྱག་རོམ་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕེབས་ཏེ། དཔྱངས་ལམ་སོགས་ཁྱད་ལྡན་སྒྲིག་ཆས་འཁོར་སྐྱོད་ལ་ཞིབ་བཤེར་མཛད་པ་དང་། རི་རྩེའི་སྟེགས་བུ་ནས་གངས་འཁྱག་བྱེད་སྒོ་སྤེལ་ཡུལ་གྱི་བདེ་འཇགས་འགོག་སྲུང་སྒྲིག་ཆས་དང་དབྱང་དབུགས་སྒྲིག་བཀོད་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་མཛད། ཡུལ་དེ་ག་དང་འབྲེལ་ཡོད་ཁག་ལ་སྔར་བས་འགན་འཁྲི་ནན་གྱིས་འཁུར་ནས་མཛེས་ལྗོངས་ཀྱི་བདེ་འཇགས་ལྐོག་གནས་རྐྱེན་ངན་རིམ་བཤེར་དང་བཅོས་སྐྱོང་ཟབ་མོར་སྤེལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཐིག་བརྟན་པོར་བསྲུངས་ཏེ་ལོ་སར་སྐབས་སུ་འགྲུལ་བ་རྣམས་ལ་རོལ་རྩེད་དགའ་དགའ་སྤྲོ་སྤྟོ་དང་ལྟ་སྐོར་བདེ་འཇགས་ལྡན་པར་བྱ་དགོས།

འཕེལ་རྒྱས་ཀྱི་རྩ་བའི་དམིགས་འབེན་ནི་དམངས་འཚོ་ལ་བདེ་སྐྱིད་ལྡན་པ་དེ་ཡིན། མི་དམངས་མང་ཚོགས་ཀྱི་ཡོང་འབབ་ཇི་འདྲ་དང་འཚོ་བ་ཇི་ལྟར་རོལ་བར་ཝང་ཞའོ་ཧུའེ་ཡིས་དོ་སྣང་ཆེན་པོ་གནང་བཞིན་འདུག མའོ་རྫོང་ཧྥུ་ཧྲིན་གྲོང་རྡལ་ཧྲེང་ཀོན་གྲོང་སྡེས་མེ་ཏོག་ཟེའུ་འབྲུའི་བརྗོད་གཙོ་ཁྱད་ལྡན་ཐོན་རྫས་ཀྱི་ཁམས་གསོ་ལྗོངས་སྐོར་གྲོང་སྡེ་གསར་བསྐྲུན་ལ་བརྟེན་ནས་ཡུལ་སྡེའི་ལྗོངས་སྐོར་དར་རྒྱས་བྱུང་བ་དང་། སྒོས་སུ་མེ་འཁོར་ཤར་གཏོང་བྱུང་བར་བརྟེན་ནས་འབབ་ཚིགས་དང་ཐག་ཉེ་བའི་ས་བབ་དགེ་མཚན་ལ་བརྟེན་ནས་གྲོང་སྡེར་འགྲུལ་བ་སྔར་བས་ཇེ་མང་དུ་སོང་བ་དང་། གྲོང་དམངས་ཀྱི་ཡོང་འབབ་ཆུ་བོ་རྒྱས་པ་ལྟར་འཕར་ཡོད། ཝང་ཞའོ་ཧུའེ་གྲོང་སྡེའི་དམངས་ལ་སྟབས་བདེའི་ཞབས་ཞུ་ཁང་དུ་ཕེབས་ནས། གྲོང་སྡེ་ཡི་རྨོ་ཞིང་གི་རྒྱ་ཁྱོན་དང་ཐོན་ལས་གཙོ་བོ་གྲུབ་ཚུལ། གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས། གྲོང་དམངས་ཀྱི་ཡོང་འབབ་ཡོང་ཁུངས་སོགས་ཞིབ་མོར་དྲིས་ཤིང་། གྲོང་སྡེ་དེས་ཞིང་ལྗོངས་མཉམ་འདྲེས་བགྲོད་ལམ་ལ་བརྟེན་ནས་དབུལ་བྲལ་གནོད་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ།  གྲོང་གསེབ་དར་རྒྱས་ཟམ་མི་ཆད་པར་སྐུལ་མ་གཏོང་བའི་ཐབས་ཤེས་དང་གྲུབ་འབྲས་ལ་བསྟོད་བསྔགས་གནང་། ཁོང་གིས་གསུང་དོན། ས་གནས་རེ་རེའི་དངོས་ཡོད་ཀྱི་གནས་ཚུལ་མི་འདྲ་བས་འཕེལ་རྒྱས་ཀྱི་ཐབས་ལམ་ཡང་མ་དཔེ་གཅིག་མིན་པར། གལ་ཆེ་བ་ནི་ཡུལ་བབ་དང་བསྟུན་ནས་དམངས་ཕྱུག་ཐོན་ལས་གོང་དུ་སྤེལ་བ་དང་འཕེལ་རྒྱས་ཀྱི་ནང་གནས་སྐུལ་ཤུགས་བསྐྱེད་དེ། དབུལ་བྲལ་མང་ཚོགས་ལ་ཐོན་སྐྱེད་འཕེལ་རྒྱས་ཁྲོད་སྔར་བས་ལྷག་པའི་རིན་འཕར་ཕན་འབྲས་ལོངས་སུ་སྤྱད་དུ་འཇུག་པ་དང་འཚོ་བ་ཉིན་བཞིན་ཇེ་བཟང་ཇེ་ལེགས་སུ་འགྲོ་བ་དེ་ཡིན། མའོ་རྫོང་ནགས་ཤིང་བཟོ་ལས་གླིང་གི་སི་ཁྲོན་ལྷོ་ནུབ་ཉི་འོད་ཀའེ་ལས་ཚན་རྩལ་ཀུང་སི་ནས་ཝང་ཞའོ་ཧུའེ་ཡིས་ཚོད་འཛིན་ཁང་གི་བརྙན་རིས་ནས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་སྐྱོད་ལ་གཟིགས་ཤིང་། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་ལ་རྒྱུས་ལོན་མཛད། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་དང་ཐོན་སྐྱེད་ལག་རྩལ་ལེགས་བཅོས་བྱས་ཏེ་ཐོན་ལས་སྦྲེལ་ཐག་རིང་དུ་སྲོང་བ་དང་སྔར་བས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་མ་བཏང་། ཝང་ཞའོ་ཧུའེ་ཡིས་བསྟན་དོན། རྔ་བ་ཁུལ་གྱི་མངའ་ཁོངས་ཐུན་མིན་དང་ཐོན་ཁུངས་ཕུན་ཚོགས་ཡིན་པས། ཐོན་ཁུངས་ལེགས་ཆ་སྒྱུར་བཀོད་ནུས་ཤུགས་དབུལ་དགོས་ལ། ཐོན་ཁུངས་ཕུན་སུམ་ཚོགས་པ་གཞིར་བཟུང་སྟེ་ཁྱད་ལྡན་ལེགས་ཆ་ཐོན་ལས་འཛུགས་སྐྱོང་དང་སྟོབས་ལྡན་དུ་གཏོང་བ། སྒོས་སུ་གསར་བརྗེའི་གནས་རྙིང་ལྗོངས་སྐོར་དང་སྐྱེ་ཁམས་ལྗོངས་སྐོར། དམངས་སྲོལ་ལྗོངས་སྐོར་ཐོན་ཁུངས་ལེགས་པར་སྤྱད་དེ། རིག་ལྗོངས་མཉམ་འདྲེས་ཟབ་མོ་འཕེལ་རྒྱས་ཀྱི་ལེ་ཚན་ལེགས་པར་འབྲི་བ་དང་། དུས་རབས་གསར་པའི་བགྲོད་ལམ་གསར་བའི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་ལེགས་པོ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཁྲེན་ཝེ། ཙའོ་ཡུང་ཞང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་རྟོག་ཞིབ་ལ་ཞུགས་ཡོད། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ཞུས་ཀྲི་ཝུན་དང། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭ་རྟོག་ཞིབ་ལ་ཞུགས་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1