མགོ་ལོག་མར་སྟེང་གློག་འདོན་ས་ཚིགས་ནས་གློག་གཏོང་འགོ་ཚུགས་པ།

སྒྲིག་སྒྱུར། རྡོ་ཐར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-03


སྤྱི་ཟླ་4པའི་ཚེས་1ཉིན་གྱི་ཉིན་གུང་རྒྱལ་ཁབ་ཀྱི་གཙོ་གནད་ནུས་རྒྱུའི་རྣམ་གྲངས་ཏེ་མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་འདོན་ས་ཚིགས་ཀྱི་འཕྲུལ་ཚན་དང་པོས་དངོས་སུ་དྲ་བ་སྦྲེལ་ནས་གློག་གཏོང་འགོ་ཚུགས་པ་རེད།  མར་སྟེང་ཆུ་ཤུགས་གློག་འདོན་ས་ཚིགས་ནི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་གནས་པ་དང་། དེ་ནི་རྨ་ཆུའི་རྒྱུག་ཁུལ་གྱི་ས་བབ་མཐོ་ཤོས་དང་སྐྲུན་བཞིན་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་ཆེ་ཤོས་ཀྱི་ཆུ་ཤུགས་གློག་འདོན་ས་ཚིགས་ཤིག་རེད། 

ཐེངས་འདིའི་གློག་འདོན་འཕྲུལ་ཚན་དང་པོའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་55ཟིན་པ་དང་།   སྔོན་དཔག་བྱས་ན་ཉིན་རེར་སྦགས་མེད་གློག་ཏུའུ་ཁྲི་1320བཏང་ནས་ཁྱིམ་ཚང་ཁྲི་110ཡི་ཉིན་རེའི་གློག་བེད་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1