གློག་ཤུགས་གཙང་མ། ལྗང་མདོག་འཕེལ་རྒྱས།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-03


བོད་ལྗོངས་ཧྭ་གློག་ལྷུན་གྲུབ་ལྷ་སྡིང་གི་50MW“འབྲོག་གློག་ཕན་གསབ”ཀྱི་འོད་ཤུགས་གློག་གཏོང་རྣམ་གྲངས་དེ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ལྕང་རྭ་ཤར་ཤང་ལྷ་སྡིང་གྲོང་ཚོར་གནས་ཤིང་། གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་50MWཟིན་པ་དང་། རྣམ་གྲངས་དེ་2024ལོའི་ཟླ་དང་པོར་སྤྱོད་འགོ་ཚུགས་ནས་ལོ་ལྟར་གློག་ཚད་གཙང་མ་ཏུའུ་ཁྲི་9300མཁོ་འདོན་ཐུབ་པ་དང་། ལོར་ཆ་སྙོམས་ཚད་ལྡན་རྡོ་སོལ་ཏུན་ཁྲི་2.839གྲོན་ཆུང་ཐུབ་པ། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་8.685ཉུང་དུ་གཏོང་ཐུབ་ཀྱི་ཡོད་ཅིང་། འདི་ནི་བོད་ལྗོངས་ཧྭ་གློག་ལྷུན་གྲུབ་ལྷ་སྡིང་གི་50MW“འབྲོག་གློག་ཕན་གསབ”ཀྱི་འོད་ཤུགས་གློག་གཏོང་རྣམ་གྲངས་ཡིན་པ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1