ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་ཀྱི་ངལ་གསོ་ཉིན་གསུམ་གྱི་རིང་ལ་རྔ་བ་ཁུལ་དུ་ཡུལ་སྐོར་བ་མི་གྲངས་ཁྲི་90ལྷག་ཐོན་ཡོད།

ཏིང་བཀྲས་བསྒྱུར། རྩོམ་སྒྲིག་པ།ཏིང་བཀྲ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-24


དཔྱད་གཞིའི་པར་རིས།

             སྤྱི་ཟླ་6པའི་ཚེས་22ཉིན། ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་ཀྱི་ངལ་གསོ་ཉིན་གསུམ་གྱི་རིང་ལ། ཁྲེན་ཏུའུ་དང་ཁྲུང་ཆིང་སོགས་ནས་ཕེབས་པའི་ཡུལ་སྐོར་བ་རྣམས་ཁྲོ་ཆུ་རྫོང་གི་མཚོ་འཕགས་ལ་སྨི་4860ཡོད་པའི་མཛེས་ལྗོངས་ཁུལ་དུ་སླེབས་ཤིང་། གངས་ཁྲོད་དུ་རྩེད་མོ་སྣ་ཚོགས་རྩེ་བ་དང་། ཁོང་ཚོའི་ལུས་སེམས་ལ་གྲོང་ཁྱེར་ནས་རྙེད་དཀའ་བའི་དགའ་བདེའི་ཚོར་བ་ཞིག་གིས་ཁྱབ་ཡོད་པ་རེད། གསར་འགོད་པས་རྔ་བ་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ཉིན་འདི་འགའི་རིང་། རྔ་བ་ཁུལ་གྱིས་ཡུལ་སྐོར་བ་མི་གྲངས་ཁྲི་87.24སྣེ་ལེན་བྱས་ཡོད་པ་དང་ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར་5.8ལ་སླེབས་འདུག་ཅེས་བཤད།

དཔྱད་གཞིའི་པར་རིས།

         རྔ་བའི་ཡུལ་སྐོར་ལས་རིགས་ཁྲོད་དུ། མཛོད་དགེ་རྩྭ་ཐང་དུ་ཡུལ་སྐོར་འགྲུལ་བ་མི་གྲངས་ཁྲི་7.71སླེབས་ཡོད་པ་དང་། ཡུལ་སྐོར་ཡོང་སྒོ་སྒོར་ཁྲི་6169.8ཡིན་པ་དང་། ཁྱུང་མཆུ་རུ་ཡུལ་སྐོར་བ་མི་གྲངས་ཁྲི་5.99སླེབས་ཡོད་པ་དང་། ཡུལ་སྐོར་ཡོང་སྒོ་སྒོར་ཁྲི་4209ཡིན་པ་རེད། དེ་ནི་ལོ་སྔོན་མ་དག་གི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་ལས་མངོན་གསལ་གྱིས་ཇེ་མཐོར་འཕེལ་ཡོད་པ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1