དབྱིན་ཇིའི་གཞོན་ནུ་ཞིག་གི་སྐྱེས་སྐར་ལེགས་སྐྱེས་སུ་དཔེ་རྙིང་ཞིག་འབྱོར་ལ། རང་ཉིད་ནི་ལོ་བརྒྱའི་ཡར་སྔོན་གྱི་དཔེ་རྙིང་དེའི་བདག་པོའི་སྐྱེས་པ་དང་འདྲ་བ་རྟོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-23


འོ་ལོན་མི་ཇོ་སེ་ཏོན་པུ་ཟེར་བའི་བུ་དེའི་སྲུ་མོས་ཉེ་སྔོན་དཔེ་རྙིང་ཚོང་ཁང་ཞིག་ཏུ་འོ་ལོན་Jཏོན་པུར་ཞུ་བའི་སྒྲུང་རྩོམ་ཞིག་གསར་རྙེད་བྱུང་།

ཁྱིམ་མི་ཡིས་བརྟག་དཔྱད་བྱས་པ་བརྒྱུད། དེང་སྐབས་ཀྱི་འོ་ལོན་དང་དཔེ་རྙིང་གི་བདག་པོའི་ཕྱི་ཚུལ་ཧ་ཅང་འདྲ།  

 ཉེ་སྔོན། དབྱིན་ཇིའི་འཕྲིན་སྦྱོར་གྱི་གནས་ཚུལ་སྤེལ་བ་ལྟར་ན།  དབྱིན་ཇི་བ་ཞིག་གི་ལོ་13གྱི་སྐྱེས་སྐར་ལ་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་པའི་དཔེ་རྙིང་ཞིག་ལེགས་སྐྱེས་སུ་འབྱོར། ཁོ་བོས་དཔེ་རྙིང་ལྟ་ཀློག་སྐབས་སུ་རང་ཉིད་དཔེ་རྙིང་དེའི་བདག་པོའི་རུས་དང་མིང་གཅིག་མཚུངས་ཡིན་པ་རྟོགས་ལ། ཐ་ན་ལོ་13ཐོག་དཔེ་ཆ་འདི་ཀློག་པའི་མཐུན་རྐྱེན་འཛོམས་པ་དང་།  བསམ་ཡུལ་ལས་འདས་པ་ཞིག་ནི་ཁོང་གཉིས་ཀྱི་ངོ་གདོང་ཡང་ཧ་ཅང་འདྲ། 

 གནས་ཚུལ་ལྟར་ན། བུ་འོ་ལོན་མི་ཇོ་སེ་ཏོན་པུའི་སྲུ་མོས། ཉེ་སྔོན་དཔེ་རྙིང་ཚོང་ཁང་ནས་ཝ་འོ་ལོན་Jཏོན་པུ་ལ་ཞུ་བའི་སྒྲུང་རྩོམ་གསར་རྙེད་བྱུང་བ་དེ་ལ་ཞིབ་ཏུ་བལྟས་དུས།  དེ་ནི་སྤྱི་ལོ་1919ལོཕ་རྒན་ཞིག་གིས་ལོ་13ལོན་པའི་བུ་འོ་ལོན་མི་ཇི་མི་སི་ཏོན་པུ་ལ་ཡེ་ཤུའི་སྟོན་པ་འཁྲུངས་སྐར་དུ་སྦྱིན་པའི་ལེགས་སྐྱེས་ཞིག་ཡིན་པ་ཤེས།

 ལོ་བརྒྱ་ཕྲག་གི་ཁྱད་པར་ཡོད་པའི་མི་འདི་གཉིས་ཀྱི་མིང་གི་མགོ་རུ་དབྱིན་ཡིག་གི་ཡིག་འབྲུ་Jརེ་ཡོད་པ་འདྲ་འདྲ་ཡིན་ལ་ཤེས་གསལ་ལྟར་ན་ཏོན་པི་ཞེས་པའི་མིང་འདི་ས་ཁུལ་དེ་རུ་ཧ་ཅང་དཀོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1