ལིས་ཁི་ཆང་རྒྱལ་ཁབ་ཚན་རྩལ་འཐས་ཇུས་བཞུགས་མོལ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-30


ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེ་ཅིན་ནས་རྒྱལ་ཁབ་ཚན་རྩལ་འཐབ་ཇུས་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

པར་འདི་ནི་ལིས་ཁི་ཆང་གིས་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་འཐུས་མི་སུང་ཅ་ཏུང་དང་ཕྱག་འཇུ་དང་བརྗེ་རེས་གནང་བའི་ཚུལ་རེད།


པར་འདི་ནི་བཞུགས་མོལ་ཚོགས་འདུའི་སྔོན་ལ། ལིས་ཁི་ཆང་གིས་ཀྲུང་གོ་ཚན་རིག་གླིང་རིག་པ་སྡེ་ཁག་གི་ལོ་རྒྱུས་འགྱུར་ལྡོག་དང་ཚན་རྩལ་འཐབ་ཇུས་ཀྱི་བློ་འདྲིའི་པར་རིས་འགྲེམ་སྟོན་ལ་གཟིགས་པའི་ཚུལ་རེད། 


                                             ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེ་ཅིན་ནས་རྒྱལ་ཁབ་ཚན་རྩལ་འཐབ་ཇུས་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 


    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་བདུན་ཉིན་རྒྱལ་ཁབ་ཚན་རྩལ་འཐབ་ཇུས་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཀྲུང་གོ་ཚན་རྩལ་གླིང་རིག་པ་སྡེ་ཁག་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཡོན་ཧྲི་ཡོངས་དང་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་དང་གུས་འདུད་ཞུས།

   གྲོས་ཚོགས་སྟེང་། ཀྲུང་གོ་ཚན་རིག་གླིང་གི་འགན་ཁུར་བ་དང་ཡོན་ཧྲི་སུང་ཅ་ཏུང་། ཞེ་དབྱི་བཅས་ཀྱིས་གཏམ་བཤད། ལིས་ཁི་ཆང་གིས་གསུངས་རྒྱུར། ལོ་ངོ་དྲུག་ཅུའི་རིང་ལ་ཀྲུང་གོ་ཚན་རིག་གླིང་རིག་པ་སྡེ་ཁག་གིས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་དམངས་ཕྱུག་པོར་བསྒྱུར་བའི་རེ་འདུན་དམ་པོར་བཅངས་པ་དང་། དཀའ་སྤྱད་འབད་བརྩོན་གྱིས་ཞིབ་འཇུག་བྱས་ནས། འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་བསླེབས་པའི་ཚན་རྩལ་གྲུབ་འབྲས་རེ་རེ་གསར་སྐྲུན་བྱས་ཏེ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

   ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ཚན་རིག་གླིང་ནི་རང་རྒྱལ་གྱི་ཚན་རྩལ་ལས་དོན་འཕེལ་རྒྱས་ཀྱི་རྒྱལ་ཁབ་དཔུང་སྡེ་དང་བློ་གྲོས་བང་མཛོད་ཡིན་ལ། ཡོན་ཧྲི་རྣམ་པ་ནི་རང་རྒྱལ་གྱི་ཚན་རྩལ་གསར་སྐྲུན་གྱི་ཕུལ་བྱུང་འཐུས་མིའང་ཡིན་པས། ཚང་མས་ད་ལྟའི་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་། འགན་འཁྲི་དང་དུ་བླངས་ཏེ། མཛེས་སྡུག་གི་མ་འོང་བ་ཧུར་ཐག་སྒོས་གསར་གཏོད་བྱེད་དགོས་པར་མ་ཟད། སྔར་ལྟར་ཚན་རྩལ་གསར་སྐྲུན་གྱི་སྣེ་ཁྲིད་མཁན་དང་། ན་གཞོན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་མཁན། ཚན་རིག་གི་སྙིང་སྟོབས་རྒྱུད་སྤེལ་བྱེད་མཁན་བཅས་བྱས་ནས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་གསར་བ་འབུལ་དགོས་ཟེར།

  བཞུགས་མོལ་ཚོགས་འདུའི་སྔོན་ལ། ལིས་ཁི་ཆང་གིས་ད་རུང་ཀྲུང་གོ་ཚན་རིག་གླིང་རིག་པ་སྡེ་ཁག་གི་ལོ་རྒྱུས་འགྱུར་ལྡོག་དང་ཚན་རྩལ་འཐབ་ཇུས་ཀྱི་བློ་འདྲིའི་པར་རིས་འགྲེམ་སྟོན་ལ་གཟིགས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1