རྒྱལ་ཡོངས་སྲིད་གྲོས་རྟོག་ཞིབ་ཚོགས་པས་དཀར་མཛེས་ཁུལ་ཁྲོན་བོད་གཞུང་ལམ་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-31


ཟླ་7པའི་ཚེས་27ཉིན། འགྲིལ་འགྲུལ་སྐྱེལ་འདྲེན་སྤུས་ཚད་དང་བདེ་འཇགས་ལྟ་ཞིབ། ལྕགས་ལམ་དཔལ་འབྱོར་སྒྲིག་བཀོད། ས་གཤིས་གནོད་འཚེའི་སྔོན་འགོག་དང་ས་གཤིས་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཚོགས་ཁག་སྟེ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྟོག་ཞིབ་ཚོགས་པ་དཀར་མཛེས་ཁུལ་དུ་འོང་ནས་ཁྲོན་བོད་གཞུང་ལམ་འཛུགས་སྐྲུན་དང་འབྲེལ་བའི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་ཚོགས་པའི་ཚོགས་གཙོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། མེ་སྒྱོགས་དམག་དཔུང་གཉིས་པའི་སྔོན་མའི་དམག་སྤྱི་ཡུས་ཅེ་ཞོན། རྟོག་ཞིབ་ཚོགས་པའི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། དྲུང་ཡིག་གཞོན་པ། གོ་མིན་ཏང་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ལིའུ་ཅཱ་ཆང་། རྟོག་ཞིབ་ཚོགས་པའི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་ལྕགས་ལམ་སྤྱིའི་སྤྱི་གཉེར་ཁང་གི་སྔོན་མའི་སྤྱི་གཉེར་གཞོན་པ་ཧོ་ཡཱ་ཏོན་བཅས་ཐེངས་འདིའི་རྟོག་ཞིབ་བྱ་བར་ཞུགས། 

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཧྥིན་དང་། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱི་ཧྥན། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཁྲེན་ཀྲུང་དབྱི། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། དར་མདོ་གྲོང་ཁྱེར་གྱི་ཧྲུའུ་ཅི་ཐང་ཆང་བཅས་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཕེབས་རོགས་འོག་རྟོག་ཞིབ་བྱས། 

ལས་ཀའི་གནས་ཚུལ་སྙན་ཞུ་དང་གླེང་མོལ་ཁྲོད། ཕན་ཕྱོད་མཐོ་བ་དང་བདེ་འཇགས་ངང་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱུང་ཆེད་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པས་ཆེས་སྔོན་ཐོན་གྱི་སྒྲིག་ཆས་དང་ཕུག་ལམ་རྡུལ་སྙིགས་ཕྱིར་འདྲེན་གྱི་སྒྲིག་ཆས་བཀོལ་སྤྱོད་བྱས་ཡོད་པ་དང་།  ལས་བཟོ་བ་དག་ལ་བདེ་འཇགས་ཞྭ་མོ་གྱོན་དུ་བཅུག་སྟེ་ཚེ་སྲོག་འགན་སྲུང་བྱ་བར་ཤུགས་སྣོན་བྱེད་པ་དང་མགྱོགས་མྱར་ངང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱས་པའི་དུས་མཚུངས་སུ་མི་གཙོ་བོ་ཡིན་པའི་གཞི་རྩའི་ལངས་ཕྱོགས་ལག་ལེན་དུ་བཏབ་པ་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་མ་ཟད། རྟོག་ཞིབ་ཚོགས་པས་གཞུང་ལམ་འཛུགས་སྐྲུན་བྱ་བར་ཚད་མཐོ་བའི་གདེང་འཇོག་གནང་། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1