བཙན་ལྷ་རྫོང་གིས་སྐབས་དང་པོའི་ལས་གནས་ནུས་རྩལ་གསར་གཏོད་འགྲན་བསྡུར་སྤེལ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-03


བྱེད་སྒོའི་ཡུལ་དངོས། 

         སྤྱི་ཟླ་7པའི་ཚེས་31ཉིན། བཙན་ལྷ་རྫོང་གིས་སྐབས་དང་པོའི་ལས་གནས་ནུས་རྩལ་གསར་གཏོད་འགྲན་བསྡུར་སྤེལ་བ་དང་བདམས་ཐོན་པ་56ཐེངས་འདིའི་འགྲན་བསྡུར་བྱེད་སྒོའི་སྟེང་ཞུགས། 

         འགྲན་ཞུགས་པ་དག་སྤོབས་པ་དང་སྤྲོང་སྣང་ངང་འགྲན་བསྡུར་གྱི་རྣམ་གྲངས་སོ་སོར་ཞུགས་ཤིང་ཆེས་མཇུག་མཐར་དཔྱད་འདེམས་པས་དྲང་བདེན་གྱི་དཔྱད་འདེམས་བྱས་པ་བརྒྱུད་བཙན་ལྷ་རྫོང་འཕྲོད་བསྟེན་མ་ལག་སྨན་བཅོས་རུ་ཁག་ལ་ཨང་དང་པོ་གཅིག་དང་ཨང་གཉིས་པ་བཞི། ཨང་གསུམ་པ་བརྒྱད་ཐོབ་པ་དང་། རྫོང་ནད་གཡོག་ཞབས་ཞུ་རུ་ཁག་ལ་ཨང་དང་པོ་གཅིག་དང་གཉིས་པ་བཞི། གསུམ་པ་བརྒྱད་བཅས་ཐོབ། རྫོང་མི་དམངས་སྨན་ཁང་ལ་ཚོགས་པའི་གཟེངས་རྟགས་ཨང་དང་པོ་དང་རྫོང་བོད་སྨན་ཁང་ལ་ཨང་གཉིས་པ། སྐྱིད་སྨད་ཡུལ་ཤོག་འཕྲོད་བསྟེན་ཁང་ལ་ཨང་གསུམ་པ་ཐོབ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1