དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གིས་གེགས་འགོག་གེགས་སེལ་གྱི་བབ་བསྟུན་ནང་སྦྱོང་བྱས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 08-03


      ས་འགུལ་གནོད་འཚེའི་བབ་བསྟུན་རོགས་སྐྱོབ་ལས་ཀ་ཇེ་ལེགས་དང་། བབ་བསྟུན་རོགས་སྐྱོབ་མཛུབ་སྟོན་མ་ལག་འཐུས་ཚང་གཏང་ནས། རྫོང་ཡོངས་ཀྱི་གེགས་འགོག་གེགས་སེལ་གྱི་ནུས་པ་མཐོར་འདེགས་གཏོང་ཆེད། ཉེ་ཆར། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གིས་2015ལོའི་གེགས་འགོག་གེགས་སེལ་གྱི་བབ་བསྟུན་ནང་སྦྱོང་བྱས། 


  ནང་སྦྱོང་བཀོད་སྒྲིག་བྱེད་བཞིན་པ། 

     ཐེངས་འདིའི་ནང་སྦྱོང་བརྒྱུད། སྐབས་ཐོག་ནས་ས་འགུལ་གནོད་སྐྱོབ་ལས་ཀའི་ཁྲོད་དུ་འདུས་པའི་གནད་དོན་དང་དཀའ་ཁག་ངོས་འཛིན་བྱེད་ཐུབ་ནས། ཉེན་གཡོལ་གྱི་ཤེས་བྱ་ཁྱབ་གདལ་རྒྱ་ཆེན་པོ་བྱས་ཡོད་པས། མང་ཚོགས་ཀྱི་བབ་བསྟུན་རང་སྐྱོབ་ཀྱི་ནུས་པ་དང་། གེགས་འགོག་གེགས་སེལ་གྱི་སྤྱིའི་ཆུ་ཚད་གོང་མཐོར་གཏང་ནས། ནང་སྦྱོང་ལ་སྔོན་དཔག་གི་ཕན་འབྲས་ཐོན་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1