གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༨ཚེས་༠༥ཉིན།

སི་རི་ཡའི་དམག་དཔུང་གི་གནམ་གྲུ་ཞིག་གྲོང་མིའི་སྡོད་ཁུལ་དུ་ལྷུང་སྟེ་མི་25རྐྱེན་ལམ་དུ་ཤོར།

    སྤྱི་ཟླ་8པའི་ཚེས་3ཉིན་སི་རི་ཡིའི་དམག་དཔུང་གི་གནམ་གྲུ་ཞིག་ནུབ་བྱང་གི་ཡེའུ་ཏེ་ལེའུ་པོའོ་གྲོང་ཁྱེར་གྱི་གྲོང་མི་སྡོད་ཁུལ་དུ་ལྷུང་ནས་མི་25རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ལྷག་ལ་རྨས་སྐྱོན་ཕོག

    གསར་ལམ་ཁག་ལས་རྒྱུས་ལོན་བྱས་པ་ལྟར་ན། གནམ་གྲུ་འདིས་འོས་འགན་ལག་བསྟར་བྱེད་པའི་སྐབས་སུ་སྐྱོན་བྱུང་སྟེ་སི་རི་ཡའི་ནུབ་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཡེའུ་ཏེ་ལེའུ་པོའོ་ཡི་ཚོང་ར་ཞིག་ཏུ་ལྷུང་ཞིང་ཚོང་རར་མི་འདུས་སྡོད་བྱས་པ་མང་པས་ཐེངས་འདིའི་དོན་རྐྱེན་ཁྲོད་མི་མང་པོ་ཞིག་རྐྱེན་ལམ་དུ་ཤོར་བ་རེད།


    མིག་སྔར་གནས་གྲུ་ཐང་ལ་ལྷུང་བའི་རྒྱུ་རྐྱེན་དང་གནམ་གྲུ་ཁ་ལོ་བའི་འཆི་གསོན་གྱི་གནས་ཚུལ་ཐད་ལ་གསལ་ཆ་ཅི་ཡང་མི་འདུག 



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1