མཚོ་སྔོན་པོ་སྙན་ངག་དུས་ཆེན་གྱི་རྒྱལ་ཁབ་སྙན་ངག་པའི་གླེང་སྟེགས་དང་གྱེར་འདོན་ཚོགས་འདུ་བསྡུས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-12


མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་ལྔ་བའི་དར་གོས་ཚོང་ལམ་འགྲམ་རྒྱུད་རྒྱལ་ཁབ་ཀྱི་
སྙན་པའི་གླེང་སྟེགས་དང་སྙན་ངག་གྱེར་འདོན་ཚོགས་འདུ།

ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་ཀྲུའུ་ཞི།
སྙན་ངག་པ་གྲགས་ཅན་ཅི་ཏེ་མ་ཅཱ་ཡིས་བརྗེ་རེས་གཏམ་བཤད་སྤེལ།


ཚོགས་འདུའི་ཟུར་ཞིག

      སྤྱི་ཟླ8པའི་ཚེས10ཉིན། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་དང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་འགན་སྒྲུབ་གནང་བའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་ལྔ་བའི་དར་གོས་ཚོང་ལམ་འགྲམ་རྒྱུད་རྒྱལ་ཁབ་ཀྱི་སྙན་ངག་པའི་གླེང་སྟེགས་དང་སྙན་ངག་གྱེར་འདོན་ཚོགས་འདུ་དེ་ཟི་ལིང་གྲོང་ཁྱེར་ཞའོ་ཏའོ་སློབ་གསོ་རྟེན་གཞི་རུ་བསྡུས་ཤིང་། རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པ30ལྷག་གིས་རང་གིས་བྲིས་པའི་སྙན་ངག་གྱེར་འདོན་བྱས།
     སྙན་ངག་གྱེར་འདོན་གྱི་ཚོགས་འདུའི་སྟེང་། ཀྲུང་གོའི་་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་ཀྲུའུ་ཞི། སྙན་ངག་པ་གྲགས་ཅན་ཅི་ཏེ་མ་ཅཱ་དང་། ཐེ་ཝན་གྱི་སྙན་ངག་མ་ཞི་མུའུ་རོང་། སྐབས་འདིའི་སྙན་ངག་དུས་ཆེན་གྱི་གསེར་གཙོད་བྱ་དགའ་ཐོབ་མཁན་ཁུའུ་ཧྲི་ཉི་ཨར་སོགས་སྙན་ངག་པ་གྲགས་ཅན་དག་གིས་དར་གོས་ཚོང་ལམ་ཞེས་པའི་བརྗོད་གཞིར་སྦྲེལ་ནས་གཏམ་བཤད་སྤེལ་བ་དང་། རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པ་མང་བོས་རང་གིས་བྲིས་པའི་སྙན་ངག་གྱེར་འདོན་བྱས།
     ཅི་ཏེ་མ་ཅཱས་གཏམ་བཤད་སྤེལ་སྐབས། ང་ཚོར་སྒོ་འབྱེད་ཀྱི་སྙིང་སྟོབས་ཡོད་དགོས་ལ། མ་འོངས་པར་སྙན་ངག་འཕེལ་རྒྱས་སུ་གཏོང་དགོས་ན། ང་ཚོས་མི་རིགས་མང་བོའི་སྙན་ངག་གི་སྲོལ་རྒྱུན་དེ་དེང་སྐབས་ཀྱི་སྙན་ངག་ཁྲོད་འདྲེས་པར་བྱས་ཏེ། སྙན་ངག་ལ་སྔར་ལས་ལྷག་པའི་གསར་གཏོད་རང་བཞིན་ལྡན་པར་བྱེད་དགོས། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྗེས་ཕྱོགས་སུ་དར་གོས་ཚོང་ལམ་འགྲམ་རྒྱུད་རྒྱལ་ཁབ་བར་གྱི་རྩོམ་རིག་དང་སྙན་ངག་གི་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་རྒྱུ་ཡིན་པ་བསྟན།
     ཁུའུ་ཧྲི་ཉི་ཨར་གྱིས་སྙན་ངག་ནི་མི་བུ་ཡོད་ཚད་ལ་ཁ་གཏད་པ་ཞིག་མིན་པར། དེའི་ཁ་གཏོད་ཡུལ་ནི་མི་བུ་སྒེར་གྱི་རྣམ་ཤེས་ཡིན་ལ། མི་བུ་རེ་རེར་མཚོན་ན་དེ་ནི་མགོན་སྐྱབས་དང་སེམས་གསོ་ཞིག་ཡིན་ཞེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1