རྔ་བ་ཁུལ་གྱིས་རྫོང་རིམ་པའི་རིག་གནས་ཁང་དང་དཔེ་མཛོད་ཁང་གི་ལས་གཞིའི་འཛུགས་སྐྲུན་བདེ་བླག་ངང་སྤེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-01


  ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་མཇུག་བསྡུ་བའི་ལོ་ཡིན་ལ། རྔ་བ་ཁུལ་གྱིས་རྫོང་རིམ་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས། མིག་སྔར་རྔ་བ་ཁུལ་ཧུང་ཡོན་རྫོང་དང་འཛམ་ཐང་རྫོང་། འབར་ཁམས་རྫོང་། རྔ་བ་རྫོང་བཅས་རྫོང་བཞིས་དཔེ་མཛོད་ཁང་དང་རིག་གནས་ཁང་གཉིས་ཀྱི་འཛུགས་སྐྲུན་ལེགས་འགྲུབ་བྱུང་། དེའི་གྲས་ལས་རྔ་བ་རྫོང་གིས་གསར་དུ་བསྐྲུན་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་གི་ལས་གཞིའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཞིང་མིག་སྔར་ཁང་བའི་ཕྱི་ནང་མཛེས་བཟོ་བྱེད་བཞིན་པའི་སྒང་རེད། མཛོད་དགེ་རྫོང་དང་བཙན་ལྷ་རྫོང་གིས་རིག་གནས་ཁང་དང་དཔེ་མཛོད་ཁང་ད་དུང་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། མཛོད་དགེ་རྫོང་གིས་རིག་གནས་ཁང་དང་དཔེ་མཛོད་ཁང་གི་ལས་གཞིའི་ཇུས་བཀོད་བྱ་བ་ལེགས་འགྲུབ་བྱུང་། བཙན་ལྷ་རྫོང་གི་དཔེ་མཛོད་ཁང་གསར་སྐྲུན་ལས་གཞིའི་ལག་བསྟར་སྤྱི་བསྒྲགས་བྱེད་བཞིན་ཡོད་ལ་ཟླ་བརྒྱད་པའི་ཟླ་མཇུག་ཏུ་འཛུགས་སྐྲུན་གྱི་མགོ་དངོས་སུ་ཚུགས་རྒྱུ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1