ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་ཚོགས་འདུར་འགོ་འཛིན་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-01


 

  སྤྱི་ཟླ་8པའི་ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་ཚོགས་འདུར་འགོ་འཛིན་མཛད། ཚོགས་ཐོག་ཏུ་རྒྱལ་སྤྱིའི་དཔལ་འབྱོར་གྱི་དངུལ་རྩའི་གནས་བབ་ལ་འགྱུར་ལྡོག་གསར་པ་བྱུང་བ་དེས་རང་རྒྱལ་གྱི་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་དང་དེ་ཐག་གཅོད་ཀྱི་ཇུས་ཐབས་ལ་ཞིབ་འཇུག་བྱེད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཚོགས་འདུར་ཞུགས།

  ཚོགས་ཐོག་ནས་སྔོན་གྱི་རྒྱལ་སྤྱིའི་དངུལ་རྩ་དང་ཚོང་ར་ཆེན་པོ་རྒྱུན་ལྡན་མིན་པ་ལེགས་བསྒྱུར་བྱེད་པའི་ཇུས་བཀོད་དང་མ་འོངས་པའི་བྱ་བར་གྲོས་བསྡུར་དང་བསམ་གཞིག་བཏང་བར་མ་ཟད། རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་ཐད་ཀྱི་གནས་ཚུལ་སྙན་ཞུ་ལ་གསན།

  ལི་ཁེ་ཆང་གིས་ཚོགས་ཐོག་ཏུ། མིག་སྔར་དཔལ་འབྱོར་གྱི་ལས་ཀ་ལེགས་པོར་བསྒྲུབ་པར་འཕེལ་རྒྱུས་སུ་འགྲོ་བཞིན་པའི་ལས་ཀའི་བཟང་ཕྱོགས་མཐོང་དགོས་ལ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་རྒྱུན་སྐྱོང་དགོས་པར་མ་ཟད། དཀའ་ངལ་ལ་གདོང་གཏད་དེ་དུས་ཐོག་ཏུ་གནད་དོན་ཐག་གཅོད་ནན་མོ་བྱ་དགོས། གཙོ་བོ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཀའི་འཆར་བཀོད་རྣམས་ལག་ལེན་དོན་ཐོག་ཏུ་འཁྱོལ་དགོས་པ་དང་། རང་འགུལ་སྒོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་བབ་བསྟུན་བྱ་དགོས། འཕེལ་རྒྱས་གཙོ་གནད་དུ་བཟུང་སྟེ་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་དངུལ་ཇུས་ལག་བསྟར་བཟང་པོར་བྱ་དགོས། ཚོང་རའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྔོན་དཔག་བྱས་ཏེ་དེ་མཐུན་གྱི་ཇུས་བཀོད་ལ་གྲ་སྒྲིག་འཐུས་ཚང་ཡོད་དགོས་ཞེས་ནན་གྱིས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1