ཞི་ཅིན་ཕིང་གིས་ལེན་ཀྲན་སོགས་ཐའེ་ཝན་གྱི་ལས་རིགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


  སྤྱི་ཟླ་9པའི་ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་རྗེས་དྲན་བྱེད་སྒོར་ཞུགས་པར་ཕེབས་པའི་ལེན་ཀྲན་སོགས་ཐའེ་ཝན་གྱི་ལས་རིགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་། 

  ཞི་ཅིན་ཕིང་གིས་མཇལ་འཛོམས་ཚོགས་འདུའི་སྟེང་། ཉེ་རབས་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ཚེ་ང་ཚོར་ངོས་འཛིན་ཟབ་མོ་ཞིག་ཡོད་པ་ནི། རྒྱལ་ནང་དང་ཐའེ་ཝན་གཉིས་ནི་ཁ་བྲལ་ཐབས་མེད་པའི་གཅིག་འདུས་ཀྱི་ཕུང་པོར་གྲུབ་ཡོད་པ་དང་།  རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་རིགས་ཀྱི་དར་རྒྱས་ནི་ཐའེ་ཝན་འདུས་པའི་ཀྲུང་གོའི་མི་སྒེར་སོ་སོའི་འཚོ་སྡོད་དང་འཕེལ་རྒྱས། རང་བཀུར་གྱི་ཁག་ཐེག་གལ་ཆེན་ཞིག་ཡིན། ང་ཚོས་ལོ་རྒྱུས་ལས་ཉམས་མྱོང་བླངས་ཏེ་འཇར་འགོག་སྙིང་སྟོབས་དར་སྤེལ་དང་ཞི་བདེ་ལ་གཅེས་སྤྲས། མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ཇུས་བཀོད་བྱས་ཏེ་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ལ་འབད་པ་བྱ་དགོས་ཞེས་བསྟན།

  ལན་ཀྲན་གྱིས་རྒྱལ་ནང་དང་ཐའེ་ཝན་གཉིས་ཀ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པ་དང་། ང་ཚོས་མཉམ་དུ་འཇར་འགོག་དམག་འཁྲུག་ལ་རྗེས་དྲན་བྱེད་པ་ནི་འདས་ཟིན་པའི་ལོ་ཟླའི་ནང་ཀྲུང་ཧྭ་མི་རིགས་ཀྱིས་ཕྱི་ཡོང་གཉའ་གནོན་ལ་ངོ་རྒོལ་བྱས་པའི་ལོ་རྒྱུས་ལ་རྗེས་དྲན་བྱས་པ་ཡིན་ལ་མཉམ་དུ་འཛམ་གླིང་ཞི་བདེ་ལ་བརྩོན་ལེན་དང་བཤུ་གཞོག་ལ་ངོ་རྒོལ་བྱས་པའི་མཛེས་སྡུག་གི་ཕུགས་འདུན་ཞིག་ཀྱང་རེད། ང་ཚོས་མེས་རྒྱལ་ཁ་བྲལ་ལ་ངོ་རྒོལ་བྱེད་དེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་ཞེས་བསྟན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1