དཀར་མཛེས་ཁུལ་གྱིས་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་34ལ་དྲན་གསོའི་རྟགས་མ་འབུལ་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-04


 སྤྱི་ཟླ་9པའི་ཚེས་2ཉིན། དཀར་མཛེས་ཁུལ་གྱི་རི་འགོག་དམག་འཁྲུག་གི་དུས་སྐབས་སུ་གསར་བརྗེའི་ལས་དོན་ལ་ཞུགས་པའི་ལས་བྱེད་པའི་འཚམས་འདྲི་ཚོགས་ཆེན་དེ་དཀར་མཛེས་ཁུལ་ཁོངས་གཏོགས་ཀྱི་གཡག་རྔའི་ལས་འཁྱུར་ངལ་གསོ་ཁང་དུ་འཚོགས། དཀར་མཛེས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་འགོ་འཛིན་ཀྲོའོ་པོ་ཚོགས་འདུ་ལ་ཞུགས་པ་དང་།1945ལོ་ཟླ་9པའི་སྔོན་དུ་རི་འགོག་དམག་འཁྲུག་ལ་ཞུགས་མྱངས་བའི་རི་འགོག་འཐབ་འཛིང་པ་རྒན་གྲས་ཀྱི་འཐུས་མི་7ལ་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དྲན་གསོའི་རྟགས་མ་དང་འཚམས་འདྲིའི་དངུལ་ཕུལ་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1