ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-04


   

  སྤྱི་ཟླ་9པའི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་། 

  ཞི་ཅིན་ཕིང་གིས་ཨུ་རུ་སུས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་རྗེས་དྲན་བྱེད་སྒོར་རྒྱབ་སྐྱོར་དང་ཨུ་རུ་སུའི་དམག་དཔུང་དམག་གཟིགས་བྱེད་སྒོར་མངགས་པར་བཀའ་དྲིན་ཞུས་པ་ཡིན་ཞེས་བསྟན་པ་དང་། ཀྲུང་གོ་དང་ཨུ་རུ་སུ་ནི་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་འཛམ་གླིང་འཁྲུག་ཆེན་གཉིས་པོའི་སྐབས་ཀྱི་གཡུལ་ས་གཙོ་བོ་གཉིས་ཡིན་ལ། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁ་ལ་བྱས་རྗེས་བླ་མེད་བཞག་ཡོད། ད་ལོ་ཀྲུང་གོ་དང་ཨུ་རུ་སུའི་འགོ་ཁྲིད་རྒྱལ་ཁབ་གཉིས་ཀྱིས་བསྒྲུབས་པའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་བྱེད་སྒོ་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་རྗེས་དྲན་བྱེད་སྒོར་ཞུགས་པ་ལས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་དྲང་ཕྱོགས་ཀྱི་ནུས་པ་བཏོན་པ་རེད་ཅེས་བསྟན། 
  ཕུའུ་ཅིན་གྱིས་ཀྲུང་གོའི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་བྱེད་སྒོར་ཞུགས་ཐུབ་པར་དགའ་སྤྲོ་ཚད་མེད་སྐྱེས་ཡོད་ལ་ཀྲུང་གོའི་རྗེས་དྲན་ཚོགས་འདུ་ཆེན་མོ་དང་དམག་གཟིགས་བྱེད་སྒོས་བག་ཆགས་ཟབ་མོ་བཞག་བྱུང་། ད་ལོ་ཀྲུང་གོ་མི་དམངས་བཅིངས་གྲོལ་དམག་དང་ཨུ་རུ་སུའི་དམག་དཔུང་ཐེངས་དང་པོར་རྒྱལ་ཁབ་ཕན་ཚུན་གྱི་རྗེས་དྲན་བྱེད་སྒོར་ཞུགས་པར་དོན་སྙིང་ཆེན་པོ་ལྡན་པ་རེད། ཞི་ཅིན་ཕིང་གི་དེ་རིང་སྔ་དྲོའི་གསུང་བཤད་ལས་ཞི་བདེ་དང་འབྲེལ་བའི་གསལ་བརྡ་མང་པོ་ཞིག་བཏོན་པར་ཨུ་རུ་སུའི་ཕྱོགས་ནས་བསྟོད་མངགས་ཚད་མཐོན་པོ་བྱས་པ་ཡིན། ཨུ་རུ་སུས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏང་སྟེ་རྒྱལ་ཁབ་གཉིས་ཀྱི་ནུས་ཤུགས་དང་རྡོ་སྣུམ། དངུལ་རྩ། ཚན་རྩལ། བཟོ་ལས་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་འབྲེལ་དང་། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཁྲོད་ཀྱི་རོགས་འདེགས་ལ་ཤུགས་སྣོན་བྱེད་ངེས་ཡིན་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1