ཁྲེན་ཏུའུ་རུ་བཅའ་སྡོད་བྱས་པའི་རྒྱལ་ཁབ་མང་པོའི་གཞུང་ཚབ་མི་སྣས་སི་ཁྲོན་བོད་ཁུལ་གྱི་རྫོང་དང་གྲོང་ཁྱེར་8ལ་ལྟ་སྐོར་རྟོག་ཞིབ་བྱས།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ། ཚེ་དབང་དཔལ་མོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-07



    ཁྲེན་ཏུའུ་རུ་བཅའ་སྡོད་བྱས་པའི་རྒྱལ་ཁབ་མང་པོའི་གཞུང་ཚབ་མི་སྣ་སི་ཁྲོན་བོད་ཁུལ་དུ་བསྐྱོད་པའི་ཟིན་བཀོད།  

        ཉེ་ཆར། ཨ་རིའི་ཁྲེན་ཏུའུ་རུ་བཅའ་སྡོད་བྱེད་པའི་སྤྱི་ཁྱབ་གཞུང་ཚབ་པ་ཀུའུ་ལི་ཡན་གྱི་འཕྲིན་ཕྲན་གྲོགས་པོའི་བར་སྟོང་ནང་གི་པར་རིས་ཚན་པ་ཞིག་སྙན་གྲགས་ཧ་ཅང་ཆེ། དེ་ནི་ཁོང་སི་ཁྲོན་བོད་ཁུལ་དུ་ལྟ་སྐོར་རྟོག་ཞིབ་འགྲོ་བའི་སྐབས་སུ་ལག་ཞོར་ནས་པར་བླངས་པ་རེད། སྐབས་འགར་ཉིན་རེ་ལ་པར་རིས་40ལྷག་སྐུར་བཞིན་ཡོད་ལ། དེས་སི་ཁྲོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཟུར་རེ་རེ་ཇི་མ་ཇི་བཞིན་དུ་མཚོན་བཞིན་འདུག   
       ཀུའུ་ལི་ཡན་ཞུགས་པའི་བྱ་འགུལ་དེ་ནི་སི་ཁྲོན་ཞིང་ཆེན་ཕྱི་འབྲེལ་ལས་དོན་གཏན་སྡོད་ཕྱི་མིའི་ལས་དོན་གཞུང་ལས་ཁང་གིས་རྩ་འཛུགས་བྱས་པའི་བྱེད་སྒོ་ཞིག་རེད།  ཁོང་དང་མཉམ་དུ་ད་དུང་འཇར་མན་དང་ཧྥ་རན་སི། ཨོ་སི་ཐྲ་ལི་ཡ། སིང་གྷ་ཕོར། ཐེ་ལན་དི་དང་ལྷོ་ཁོ་རེ་ཡ་སོགས་རྒྱལ་ཁབ་སོ་སོའི་ཁྲེན་ཏུའུ་རུ་བཅའ་སྡོད་བྱེད་པའི་སྤྱི་ཁྱབ་གཞུང་ཚབ་པ་དང་གཞུང་ཚབ་དཔོན་རིགས་གཞན་ཡང་ཡོད། སྤྱི་ཟླ་7པའི་ཚེས་28ནས་སྤྱི་ཟླ་8པའི་ཚེས་1ཉིན་བར། ཁོ་ཚོ་སི་ཁྲོན་བོད་ཁུལ་གྱི་རྫོང་དང་གྲོང་ཁྱེར་8ལ་ལྟ་སྐོར་རྟོག་ཞིབ་བྱེད་པར་སོང་བ་དང་། ཁྱོན་བསྡོམས་ལམ་ཐག་སྤྱི་ལེ་1700ལྷག་བརྒྱུད་ཡོད། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1