བཙན་ལྷ་རྫོང་གིས་བོད་བརྒྱུད་ནང་བསྟན་གྱི་དགོན་པར་རྒྱང་བསྒྲགས་བརྙན་འཕྲིན་འཕྲུལ་ཆས་འགྲེམ་སྤྲོད་བྱེད་པའི་མཛད་སྒོ་སྤེལ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 09-18



  སྤྱི་ཟླ་9པའི་ཚེས་17ཉིན། བཙན་ལྷ་རྫོང་གིས་རྫོང་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པར་རྒྱང་བསྒྲགས་བརྙན་འཕྲིན་འཕྲུལ་ཆས་འགྲེམ་སྤྲོད་བྱེད་པའི་མཛད་སྒོ་སྤེལ།

  ཐེངས་འདིའི་རྒྱང་བསྒྲགས་བརྙན་འཕྲིན་ཁེབས་རྒྱའི་ལས་གཞི་ལས་གྲྭ་བཙུན་གཅིག་ལ་བརྙན་འཕྲིན་འཕྲུལ་ཆས་གཅིག་དང་བརྡ་རྟགས་དང་ལེན་སྒྲིག་ཆས་ཆ་ཚང་ཞིག་འགྲེམ་སྤྲོད་བྱས་ཡོད་ལ། སྒྲིག་ཆས་དེ་དག་ནི་སྐུད་ཡོད་དྲ་སྦྲེལ་དང་གྲངས་འཛིན་བརྙན་འཕྲིན། ཐད་གཏོང་འཁོར་སྐར་གྱི་ཐབས་ལམ་སྤད་ཡོད། བཙན་ལྷ་རྫོང་གི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་12དང་གྲྭ་བཙུན་116ལ་ཕན་ཕྱོད་ལྡན་པའི་སྒོ་ནས་རྒྱང་བསྒྲགས་བརྙན་འཕྲིན་ཁེབས་པར་བྱས་ཡོད།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1