ཞི་ཅིན་ཕིང་གིས་2015ལོའི་པེ་ཅིང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་འགོ་ཚུགས་མཛད་སྒོར་ཤིས་ཚིག་འཕྲིན་ཡིག་བསྐུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


         ཚེས་16ཉིན། 2015ལོའི་པེ་ཅིང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་པེ་ཅིང་ནས་སྤེལ་ཏེ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཚིག་གི་ཡིག་འཕྲིན་བསྐུར། ཁོང་གིས་གསུང་དོན། མི་དམངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དེ་ལོངས་སུ་སྤྱོད་པ་མངོན་འགྱུར་བྱུང་བ་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཐུན་མོང་གི་འབད་འཐབ་དམིགས་འབེན་ཡིན། ཐུན་མིན་རིག་གནས་སྤེལ་རེས་དང་མིག་དཔེ་བྱེད་པ་ཤུགས་སྣོན་བྱེད་དེ། རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་དང་། རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་འཕེལ་རྒྱས་ཇེ་ཆེར་གཏོང་བར་སྐུལ་སྤེལ་བྱ་དགོས། 

         ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་བསྟན་དོན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཤི་སིེར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དུས་སྐབས་འདིར། སྐབས་འདིའི་པེ་ཅིང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཀྱིས་ཞི་བདེ་དང་འཕེལ་རྒྱས། འཛམ་གླིང་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལས་རྒྱལ་བ་དང་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་གྱི་བརྗོད་བྱ་གཙོ་བོ་འབུར་ཏུ་ཐོན་པ་ལས། ཕྱོགས་སོ་སོའི་མིའི་རིགས་ཀྱི་ཞི་བདེའི་ཁེ་དབང་དང་འཕེལ་རྒྱས་ཀྱི་ཁེ་དབང་ལ་བསམ་གཞིག་གཏོང་བར་སྐུལ་འདེད་གཏང་བའི་ནུས་པ་གལ་ཆེན་ལྡན། 

         ཞི་ཅིན་ཕིང་གིས་ནན་གྱིས་གསུང་དོན། ཉེ་རབས་ཀྱི་རྗེས་སུ། ཀྲུང་གོ་མི་དམངས་ཀྱིས་སྡུག་བསྔལ་གང་མང་མྱངས་ཡོད་པས་མིའི་རིན་ཐང་དང་འགྲོ་བ་མིའི་གཞི་རྩའི་ཁེ་དབང་། མིའི་ཐོབ་ཐང་དང་ལ་རྒྱ་ཡིས་སྤྱི་ཚོགས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན། དེ་བས་རྙེད་དཀའ་བའི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཅེས་འཛིན་ཡག་པོ་བྱེད་ནས། བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བགྲོད་བཞིན། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཀ་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཀ་ལ་སྐུལ་འདེད་ཐེབས་ཡོད།། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་འགན་ལེན་བྱེད་ངེས། དུས་ཡུན་རིང་པོའི་ནང་། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་དེ་ཀྲུང་གོའི་ད་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་ཞིང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་དང་། འགྲོ་བ་མིའི་ཐོབ་ཐང་ལ་ཁྲིམས་སྐྱོང་གི་འགན་སྲུང་ལ་ཤུགས་སྣོན་བྱེད་དེ། དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཁེ་དབང་དང་སྤྱི་དམངས། ཆབ་སྲིད་ཁེ་དབང་སོགས་ཕྱོགས་ཡོངས་ནས་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ནས། མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆའི་འགན་སྲུང་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་ཏེ། ཀྲུང་གོའི་རྒྱལ་དོན་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལམ་བུ་ཞིག་ཏུ་བགྲོད་བཞིན་ཡོད།

          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའོ་ཆི་པའོ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་འཕྲིན་ཡིག་བཀླགས་པ་དང་ཤིས་ཚིག་ཕུལ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་གླིང་གི་འགོ་གཙོ་ལོ་ཧའོ་ཚའེ་དང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་གཙོ་ཧོང་མོང་ཧྥུ། དབྱིན་ཇིའི་བཟོ་ལས་ཏང་གྲོས་ཁང་གི་གྲོས་མི་ནཱར་ཧྥུ་པུའུ་སི་ཏའེ་ཝའེ་སུན་སོགས་ཀྱིས་མཛད་སྒོའི་ཐོག་ཤིས་ཚིག་ཕུལ། 

          པེ་ཅིང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ནི་2008ལོར་བཙུགས་ཏེ། སྐབས་7ལ་སྤེལ་སྟེ་ལེགས་འགྲུབ་བྱུང་བ་ལས། འགྲོ་བ་མིའི་ཐོབ་ཐང་ལ་མཉམ་ལས་བགྲོ་གླེང་བྱེད་པའི་གར་སྟེགས་གཙོ་ཆེན་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་དང་ས་ཁུལ་30ལྷག་གི་དཔོན་པོ་དང་མཁས་པ་སོགས་སྐབས་འདིའི་བགྲོ་གླེང་ཚོགས་འདུ་རུ་ཞུགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1