2015ལོའི་ཁྲེན་ཏུའུ་ཡི་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་མཇུག་སྒྲིལ་ཏེ་གྲོས་ཡིག་14བཀོད་པར་དངུལ་སྒོར་དུང་ཕྱུར་300་ལ་སླེབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-21


      སྤྱི་ཟླ་9པའི་ཚེས་20ཉིན་ནི་སྐབས་ལྔ་པའི་ཀྲུང་གོ་ཁྲེན་ཏུའུ་ཡི་རྒྱལ་སྤྱིའི་གཟུགས་མེད་ཤུལ་བཞག་རིག་གནས་དུས་ཆེན་གྱི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན་ཏེ། རྒྱལ་ཁབ་དང་ས་ཁུལ་33གྱི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས་དང་རྒྱུད་འཛིན་པ་གཟུགས་མེད་རིག་གནས་ཤུལ་བཞག་གི་དངོས་མང་བཤམ་སྟོན་ཚོགས་འདུར་ཞུགས། ཡུལ་སྐོར་པ་དང་མང་ཚོགས་ཁྲི་280ལྷག་ཚོགས་འདུ་དང་བྱེད་སྒོར་ཞུགས། གཟུགས་མེད་རིག་གནས་ཤུལ་བཞག་གི་དུས་ཆེན་རིང་དུ། གཟུགས་མེད་རིག་གནས་ཤུལ་བཞག་གི་ཐོན་རྫས་ཉོ་ཚོང་ལ་བསྡོམས་པས་སྒོར་ཁྲི་6000ལྷག་ལ་ཟིན་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་ཚན་པར་དངུལ་འཇོག་སོགས་དམིགས་བྱ་རང་བཞིན་གྱི་མཉམ་ལས་གྲོས་ཡིག་14ལ་མིང་ཐོ་བཀོད་དེ། གྲོས་འཇོག་དངུལ་སྒོར་བསྡོམས་པས་དུང་ཕྱུར་300ལྷག་ལ་སླེབས། 

      རྒྱུས་ལོན་བྱུང་བ་ལྟར་ན། སྐབས་ལྔ་པའི་ཁྲེན་ཏུའུ་ཡི་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་ལ་སྲོག་རྩ་རྒྱུན་འཛིན་དང་འབྱུང་འགྱུར་གསར་གཏོད་ཀྱི་བརྗོད་བྱ་གཙོ་བོ་དང་། དེང་རབས་ཅན་འཕེལ་རིམ་ཁྲོད་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་དམིགས་ནས་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་གི་དངོས་མང་བཤམ་སྟོན་ཚོགས་འདུ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱལ་སྤྱིའི་གླེང་སྟེགས། གཟུགས་མེད་རིག་གནས་ཤུལ་བཞག་གི་གར་སྟེགས་ཆེན་པོ། གཟུགས་མེད་རིག་གནས་ཤུལ་བཞག་དུད་ཁྱིམ་དུ་བསྐྱལ་བ། སྐབས་གཉིས་པའི་སྣང་བརྙན་གྱི་ལམ་བུ་སྟེ་ཀྲུང་གོའི་ཀྲོན་བརྐོས་སྒྱུ་རྩལ་གྱི་ལོ་གཉིས་ཀྱི་འགྲེམས་སྟོན་སོགས་གཙོ་བོའི་བྱེད་སྒོ་ལྔ་སྤེལ་ཞིང་།རིག་གནས་ཤུལ་བཞག་འགྲེམ་སྟོན་འཁྲབ་སྟོན་དང་ཐོན་རྫས་འགྲེམ་འཚོང་། རིག་གཞུང་བགྲོ་གླེང་གི་བྱེད་སྒོ་སྤེལ། བྱེད་སྒོ་དེ་དག་ལ་དོ་སྣང་ཆེན་པོ་བྱས། མཱ་དཱ་ཀཱ་སི་ཀཱའི་རིག་གནས་དང་ལག་རྩལ་ལས་རིགས་པུའུའི་པུའུ་ཀྲང་སོགས་རྒྱལ་ཁབ་དང་ས་ཁུལ་38ཀྱི་འཐུས་ཚབ་དང་ཆེད་རམས་པ་རྒྱལ་སྤྱིའི་གླེང་སྟེགས་སུ་ཞུགས།  

      མཉམ་འཇོག་བྱེད་དགོས་པ་ཞིག་ལ། སྐབས་འདིའི་རིག་གནས་ཤུལ་བཞག་རིག་གནས་དུས་ཆེན་དུ་རིག་གནས་ཤུལ་བཞག་དང་འབྲེལ་མཐུད་དྲ་རྒྱར་ཉམས་ཞིབ་བྱེད་པར་གཞོལ་ཏེ། རིག་གནས་ཤུལ་བཞག་ཐོན་རྫས་གཉེར་འཚོང་བྱ་བའི་གློག་རྡུལ་ཚོང་དོན་ཁེ་ལས་མང་པོ་གདན་འདྲེན་ཞུས། དེ་དང་ཆབས་གཅིག་ཏུ་རིག་གནས་ཤུལ་བཞག་རྒྱུད་འཛིན་དང་སྤྱི་དམངས་ཀྱི་ལས་གཏོད་དང་ཀུན་གྱིས་གསར་གཏོད་བྱེད་པའི་སྐྱེ་ལྡན་འདྲེས་སྦྱར་ལ་དོ་སྣང་དང་། རིག་གནས་ཤུལ་བཞག་རྒྱུད་འཛིན་དང་དེང་རབས་ཚན་རྩལ། དེང་རབས་ཇུས་འགོད། དེང་རབས་སློབ་གསོ། དེང་རབས་ཁྲོམ་ར། དེང་རབས་ཐོན་ལས། དེང་རབས་འཚོ་བ་བཅས་ཀྱི་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་བྱེད་དེ། རིག་གནས་ཤུལ་བཞག་ཐོན་ཁུངས་དང་གསར་གཏོད། ཁྲོམ་ར་དང་མ་རྩ་མཐུད་པར་སྐུལ་འདེད་བཏང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1