རྔ་བའི་ལི་རྫོང་གི་བོད་དང་ཆའང་རིགས་མང་ཚོགས་ཀྱིས་རྒྱལ་སྟོན་རིག་རྩལ་འགྲེམ་སྟོན་སྤེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-24


      སྤྱི་ཟླ་9པའི་ཚེས་22ཉིན། 2015ལོའི་རྔ་བའི་ལི་རྫོང་གི་མི་རིགས་མཐུན་སྒྲིལ་ཟླ་བའི་རྒྱལ་སྟོན་ལ་བསུ་བ་དང་མཐུན་སྒྲིལ་འཆམ་མཐུན་གྱི་ཕ་གཞིས་སྐྲུན་པ་ཞེས་པའི་མི་རིགས་ཆོས་ལུགས་སྲིད་ཇུས་ཁྱབ་བསྒྲགས་བློ་འདྲི་དང་རིག་རྩལ་འགྲེམ་སྟོན་གྱི་བྱེད་སྒོ་དེ་ལི་རྫོང་གི་ཁྲོམ་གཞུང་སྐྱེད་ཚལ་ནས་སྤེལ། 

ལི་རྫོང་ནས་འོངས་པའི་དམངས་ཁྲོད་འཁྲབ་སྟོན་རུ་ཁག་10ཙམ་གྱིས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ལ་བོད་དང་ཆའང་རིགས་ཀྱི་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་ཕུལ། བོད་རིགས་ཞབས་བྲོ་འབྲི་མར་གྱི་དྲི་བསུང་ཞེས་པ་དང་སྨྱུག་རོལ་མགྱོགས་གཏམ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་མཚུངས། འཆམ་མཐུན་ལི་རྫོང་བརྗིད་ཆེའི་འཆར་གཞི་བཀོད་ཅེས་པ། དེ་མིན་མཉམ་ལེན་དུས་རབས་ཀྱི་གཞིས་འཛོམས། གར་ཆུང་མི་རིགས་སྲིད་ཇུས་མི་སེམས་དྲོ་སོགས་རིག་རྩལ་འཁྲབ་སྟོན་ལ་ཡུལ་དངོས་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ། བྱེད་སྒོའི་ཡུལ་དངོས་སུ། ལི་རྫོང་གི་དུག་འགོག་གཞུང་དོན་ཁང་དང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས། ཚན་རྩལ་ཅུས། ཁྲིམས་འཛིན་ཅུས་སོགས་ལས་ཁུངས་བཅུ་ལྷག་གི་ལས་བྱེད་མི་སྣས་དུག་འགོག་ཁྱབ་བསྒྲགས་དང་། སྤྱི་ཕན་སྨན་བཅོས། ཞིང་ལས་ལག་རྩལ་བློ་འདྲི་དང་བྱ་དགའ་སྤྲོད་པའི་ཤེས་བྱའི་སྐོར་གྱི་དྲི་བ་དྲིས་ལན་སོགས་ཀྱི་བྱེད་སྒོ་སྤེལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1