རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དབྱིན་ཇིར་འཚམས་འདྲི་ཕེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-19


   སྤྱི་ཟླ་10པའི་ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དབྱིན་ཇིར་རྒྱལ་དོན་འཚམས་འདྲིར་གནང་བར་ཕེབས། འདི་ནི་ལོ་ངོ་10ཡི་རིང་ཀྲུང་གོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཐེངས་དང་པོར་དབྱིན་ཇི་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་རེད། དབྱིན་ཇིའི་རྒྱལ་མོས་གསོལ་སྟོན་ཆེན་མོ་བཤམ་རྒྱུ་རེད།
   དབྱིན་ཇིར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཉིན་ལྔའི་ནང་། ཞི་ཅིན་ཕིང་བྱེད་སྒོ་20ཙམ་ལ་ཞུགས་དགོས་པ་དང་། དེ་ལས་ཉིན་བཞིའི་འགྲུལ་ལམ་དབྱི་ཇིའི་རྒྱལ་ས་ལོན་ཏོན་དུ་ཡིན།
   ཁྱབ་བསྒྲགས་བྱས་པའི་འགྲུལ་ལམ་ལ་གཞིགས་ན། ཞི་ཅིན་ཕིང་དང་སྐུ་ལྕམ་ཕེན་ལི་ཡོན་རྣམ་གཉིས་ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་གྱི་དགོང་མོར་ལོན་ཏོན་དུ་འབྱོར་རྒྱུ་ཡིན་ལ། ཚེས་20ཉིན། ཞི་ཅིན་ཕིང་ཉིན་གཅིག་ལ་དབྱིན་ཇིའི་གོང་མ་བཟའ་མི་ལྷན་རྒྱས་ནས་མགྲོན་བསུ་བྱ་རྒྱུ་རེད། སྔ་དྲོར། རྒྱལ་སྲས་ཁྲ་ཨར་སི་དང་བཙུན་མོ་ཁ་མེ་ལ་ཡིས་དབྱིན་ཇིའི་རྒྱལ་མོའི་སྐུ་ཚབ་མཛད་དེ་བེན་ཧྭ་ཏོང་ཧྥང་མགྲོན་ཁང་ནས་ཞི་ཅིན་ཕིང་བཟའ་ཟླ་གཉིས་ལ་དགའ་བསུ་ཞུ་རྒྱུ་རེད།  དེ་རྗེས།  དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པ་དང་ཁྱོ་ག་ཧྥེ་ལི་ཕུའུ་ཆིན་ཝང་གཉིས་ཀྱིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་། སྒེར་ངོས་ནས་ཁོང་དང་མཉམ་དུ་ཉིན་གུང་གི་གསོལ་ཚིགས་བཞེས་རྒྱུ་རེད། 
   དབྱིན་ཇིའི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་རྗེས། ཞི་ཅིན་ཕིང་བཟའ་ཟླ་གཉིས་ཝེ་ལེན་རྒྱལ་སྲས་ཀྱི་ལས་ཤག་ཁུ་ལེ་ལོན་སི་ཕོ་བྲང་དུ་བསྐྱོད་རྒྱུ་ཡིན་དང་། ཉིན་དེའི་དགོང་མོར། དབྱིན་ཇིའི་རྒྱལ་མོས་ཞི་ཅིན་ཕིང་བཟའ་ཟླ་གཉིས་ལ་གསོལ་སྟོན་རྒྱ་ཆེན་བཤམ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1