ཀྲང་ཏི་ཅང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་ང་ལྔ་བའི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-20



སྤྱི་ཟླ་10པའི་ཚེས་19ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་ང་ལྔ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་ཤིང་། གྲོས་ཚོགས་སྟེང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟླ་10པའི་ཚེས་30ཉིན་ནས་ཟླ་11པའི་ཚེས་4ཉིན་བར་པེ་ཅིང་ནས་འཚོགས་རྒྱུར་གྲོས་ཐག་བཅད། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་། 

ཨུ་ཡོན་ཀྲང་གི་གྲོས་ཚོགས་སྟེང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང་མུ་མཐུད་དུ་ས་བོན་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་རྒྱལ་ཡོངས་དམངས་ཆེན་གྱི་ནང་སྲིད་ཁྲིམས་སྲིད་ཨུ་ཡོན་ལྷན་ཁང་གི་རེ་ཞུ་བྱས་པའི་དགེ་སྒྲུབ་སྐོར་གྱི་འཆར་ཟིན། རྒྱལ་ཡོངས་དམངས་ཆེན་གྱི་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་རེ་ཞུ་བྱས་པའི་མཚོ་གཏིང་ནུས་ཁུངས་རྟོག་ཞིབ་དང་སྔོག་འདོན་སྐོར་གྱི་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གློག་བརྙན་ཐོན་ལས་སྐུལ་འདེད་སྐོར་གྱི་འཆར་ཟིན་སོགས་ལ་གྲོས་ཞིབ་བྱེད་རྒྱུར་གྲོས་གཞི་བཏོན།

ཨུ་ཡོན་ཀྲང་གི་གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་འགན་བཞེས་ཤིང་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་བཞེས་པའི་ཝང་ཁྲིན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་གྲོས་རིམ་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་བསམ་འཆར་ཐད་ནས་སྙན་ཞུ་ཕུལ་ཞིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་ལས་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་འཛིན་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་འབྲེལ་ཡོད་གྲོས་རིམ་སྐོར་གྱི་སྙན་ཞུ་ཕུལ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1