ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་དམངས་ཡོངས་ལས་སྒོ་གསར་འབྱེད་དང་གསར་གཏོད་ཀྱི་བྱེད་སྒོའི་དུས་མཚམས་ལ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-20




སྤྱི་ཟླ་10པའི་ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱི་ལས་སྒོ་གསར་འབྱེད་དང་གསར་གཏོད་ཀྱི་བྱེད་སྒོར་ཞུགས་པར་མ་ཟད། བརྗོད་དོན་འགྲེམ་སྟོན་ཁུལ་ལ་རྟོག་ཞིབ་གནང་། 

གསར་གཏོད་ཡར་སྐུལ་འཕེལ་རྒྱས་ཐབས་ཇུས་ལག་བསྟར་ལ་སྐུལ་འདེད་གཏང་བ་དང་གསར་གཏོད་འགྲུབ་འབྲས་འགྲེམ་སྟོན་བྱེད་པ། ལས་སྒོར་གསར་གཏོད་ཀྱི་རྒྱུ་ཆ་གསར་པ་མཐུད་སྦྲེལ་བྱ་བ། སྤྱི་ཚོགས་ཡོངས་ནས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་སླད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པར་བརྒྱུད་ད་ལོར་རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱི་ལས་སྒོ་གསར་སྤེལ་གྱི་བྱེད་སྒོའི་དུས་མཚམས་ཞེས་པའི་བྱེད་སྒོ་སྤེལ། 

ལི་ཁེ་ཆང་ཚན་རྩལ་མི་སྣ་དང་གཞི་རིམ་མང་ཚོགས། ན་གཞོན་གྱི་ལས་སྒོ་གསར་སྤེལ་གྱི་ལས་གཞིའི་འགྲེམ་སྟོན་ཁུལ་དུ་ཕྱིན་ཏེ་མཐོ་རིམ་སློབ་གྲྭའི་སློབ་མའི་གསར་སྐྲུན་བྱས་པའི་ལྕགས་རིགས་ཀྱི་3Dབསྐྱར་པར་འཕྲུལ་ཆས་དང་ཀླད་དབང་བསྒྱུར་བའི་ལས་གཞི་སོགས་ལ་རྟོག་ཞིབ་གནང་པར་མ་ཟད། གཞི་རིམ་ལས་བཟོ་བ་དང་ཞོར་ལས་ལས་ཕྱིར་ཐོན་པའི་ཞིང་པ་དག་གི་གསར་གཏོད་གྲུབ་འབྲས་ལའང་རྟོག་ཞིབ་གནང་། ལི་ཁེ་ཆང་གིས་སྐུལ་སློང་གིས་ཚུལ་དུ་དམངས་ཡོངས་ཀྱི་ལས་སྒོ་གསར་གཏོད་ཀྱི་དམིགས་བྱ་གཙོ་བོ་ནི་གསར་གཏོད་དང་ནང་སྙིང་ནི་དམངས་ཡོངས་རེད་ཅེས་བསྟན།

གསར་གཏོད་གཉིས་ནི་ཁེ་ལས་ཆུང་གྲས་གཅིག་པུར་དབང་བའི་ཁེ་ཕན་མ་ཡིན་པར། ཁེ་ལས་ཆེན་པོ་དག་ལའང་ཁེ་ཕན་ཆེན་པོ་རག་ཐུབ། དེ་མིན་ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་ཐོན་སྐྱེད་བྱེད་སྟངས་དང་རྩ་འཛུགས་ཀྱི་དོ་དམ་རྣམ་པར་བཅོས་བསྒྱུར་བྱེད་པར་ཕན་ནུས་འདོན་ཏེ་བཟོ་ལས་བཅོས་བསྒྱུར་ལ་སྐུལ་འདེད་གཏང་ངེས། ལས་སྒོ་གསར་འབྱེད་དང་གསར་གཏོད་ཀྱིས་སྲོལ་རྒྱུན་གྱི་ཐོན་ལས་བཅོས་བསྒྱུར་བྱེད་ཐུབ་པར་མ་ཟད་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མང་པོ་ཞིག་གི་འཕེལ་རྒྱས་ཀྱི་མྱུར་ཚད་ལའང་སྐུལ་འདེད་གཏང་ངེས།

ལི་ཁེ་ཆང་གིས་གསར་གཏོད་ཀྱིས་འབྱུང་འགྱུར་ལ་འཕེལ་རྒྱས་ལ་ཕན་ནུས་གལ་ཆེན་འདོན་ཐུབ་པ་ནི་དེང་རབས་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་ཆགས་ཡོད་ལ། གསར་གཏོད་གཉིས་ཀྱི་དགོངས་པས་དེང་རབས་ཀྲུང་གོའི་མིའི་གཤིས་རྒྱུད་བཞེངས་སྐྲུན་བྱེད་བཞིན་འདུག གསར་གཏོད་གཉིས་ཀྱི་བྱེད་སྒོ་དེ་གསར་གཏོད་ཀྱི་བསམ་འཆར་བརྗེ་རེས་དང་བསམ་བློ་གདོང་ཐུག་དང་གྲུབ་འབྲས་བསྒྱུར་འགོད་ཀྱི་སྟེགས་བུ་ཞིག་ཏུ་འགྱུར་དགོས་ཞེས་བསྟན།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1