གློག་རྡུལ་ཚན་རྩལ་སློབ་ཆེན་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཁེལ་རོགས་སྐྱོར་སྒྲོམ་གཞིའི་གྲོས་ཆོད་མཛད་སྒོ་དང་རོགས་སྐྱོར་བཞུགས་མོལ་ཚགས་འདུ་དར་མདོ་ནས་སྤེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-13


       ཉེ་ཆར། གློག་རྡུལ་ཚན་རྩལ་སློབ་ཆེན་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཁེལ་རོགས་སྐྱོར་སྒྲོམ་གཞིའི་གྲོས་ཆོད་མཛད་སྒོ་དང་རོགས་སྐྱོར་བཞུགས་མོལ་ཚགས་འདུ་དར་མདོ་ནས་སྤེལ། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་དང་། དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཐང་ཆིང་། གློག་རྡུལ་ཚན་རྩལ་སློབ་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་ཨེན་ཧྭ། གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ། དར་མདོ་གྲོང་ཁྱེར་དུ་གནས་སྦྱར་ལས་བྱེད་པར་གདམ་གཏོང་རྩིས་ཡོད་པ་ཝང་ཀྲེང་ནིང་། དར་མདོ་གྲོང་ཁྱེར་རྩ་འཛུགས་པུའུ། གྲོང་ཁྱེར་དབུར་སྐྱོར་དང་གནས་སྤོས་ཡུལ་མི་ཅུས་ཀྱི་འགན་ཁུར་མི་སྣ་གཙོ་བོ་སོགས་གྲོས་ཚོགས་སུ་ཞུགས། 

     དར་མདོ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་བློ་མཐུན་ཧྲ་ཁང་ལིན་གྱིས་ཚོགས་ཐོག་ཏུ་དབུལ་སྐྱོར་འགག་སྒྲོལ་ཁྱབ་བསྒྲགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་། ནན་གྱིས་གྲོང་གསེབ་ཏུ་སྡོད་པའི་དབུལ་སྐྱོར་ལས་ཀ་སོགས་ཀྱི་ཕྱོགས་ནས་གྲོང་ཁྱེར་དེ་གའི་དབུལ་སྐྱོར་འགག་སྒྲོལ་ལས་ཀ་སྤེལ་བའི་གནས་ཚུལ་ལ་གསལ་བཤད་བྱས། གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་དར་མདོ་གྲོང་ཁྱེར་ལ་གནས་ཁེལ་རོགས་སྐྱོར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་འགོ་གཙོ་ཧང་ཡཱ་ཧྥེ་ཡིས་སློབ་གྲྭའི་འཕེལ་རྒྱས་གནས་ཚུལ་དང་དབུལ་སྐྱོར་འཆར་གཞི། བྱ་ཐབས་ཀྱི་ཐད་ནས་གསལ་བཤད་བྱས། 

ཚོགས་ཐོག་ཏུ། དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་གློག་རྡུལ་ཚན་རྩལ་སློབ་ཆེན་གྱིས་གློག་རྡུལ་ཚན་རྩལ་སློབ་ཆེན་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཁེལ་རོགས་སྐྱོར་སྒྲོམ་གཞིའི་གྲོས་ཆོད་ལ་གྲོས་ཡིག་བཀོད་དེ་གྲོས་འཆམ་བྱུང་། 

རྒྱུས་ལོན་བྱུང་བ་ལྟར་ན། གློག་རྡུལ་ཚན་རྩལ་སློབ་ཆེན་གྱིས་དར་མདོ་གྲོང་ཁྱེར་སྐྱ་གད་ལུང་པའི་ཁུལ་གྱི་ཞག་སྡོད་སློབ་གྲྭར་སྒོར་ཁྲི་6ལྷག་གི་དཔེ་དེབ་དང་ལུས་རྩལ་རིག་གནས་སྤྱོད་ཆས་ཀྱི་རོགས་སྐྱོར་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1