ཞི་ཅིན་ཕིང་གིས་ཏུར་མེན་སི་ཐན་གྱི་སྲིད་འཛིན་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-13


  སྤྱི་ཟླ་11པའི་ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཏུར་མེན་སི་ཐན་གྱི་སྲིད་འཛིན་པེར་ཏི་མོའོ་ཧན་མེ་ཏོ་ཧྥོའོ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་མཉམ་དུ་འབད་པ་ཆེན་པོས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ཆུ་ཚད་མཐོར་འདེགས་དང་རྒྱུན་ཆད་མེད་པར་ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་འཐབ་ཇུས་འབྲེལ་བར་ཤུགས་སྣོན་བྱ་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མོས་མཐུན་བྱུང་།

  ཞི་ཅིན་ཕིང་གིས་པེར་ཏི་མོའོ་ཧན་མེ་ཏོ་ཧྥོའོ་ཆེད་དུ་ཀྲུང་གོར་ཕེབས་ཏེ་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུས་པར་བཀའ་དྲིན་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཏུར་མེན་སི་ཐན་ནི་གྲོགས་པོ་བཟང་པོ་བློས་ཐུབ་ཀྱི་འཐབ་ཇུས་མཛའ་གྲོགས་ཡིན། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་མཛའ་འབྲེལ་ལ་ཆབ་སྲིད་དང་དམངས་སེམས་ཀྱི་རྨང་གཞི་ཡོད་པ་རེད། ཀྲུང་གོའི་ཕྱོགས་ནས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པའི་གྲོས་གཞིར་ཏུར་མེན་སི་ཐན་ཕྱོགས་ཀྱི་རྒྱབ་སྐྱོར་ཐོབ། ང་ཚོས་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བའི་གྲོས་གཞི་བཏོན་ཟིན། དེ་ལས་ཚོད་ལྟའི་འཛུགས་སྐྲུན་འཆར་གཞི་ཁྲོད་ཀྱི་ཀྲུང་གོ་ནས་ཨེ་ཤ་ཡའི་དབུས་མ། ཨེ་ཤ་ཡ་ལྷོ་མའི་དཔལ་འབྱོར་བར་ཁྱམས་དེ་ཏུར་མེན་སི་ཐན་ནས་བརྒྱུད་དགོས། ང་ཚོས་ཏུར་མེན་སི་ཐན་དང་མཉམ་དུ་མཉམ་གཉེར་དང་མཉམ་སྐྲུན། མཉམ་སྤྱོད་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ་ལས་ཀ་འདི་ལེགས་པོར་བསྒྲུབ་ངེས། ཀྲུང་གོའི་ཕྱོགས་ནས་ཏུར་མེན་སི་ཐན་དང་མཉམ་དུ་སྤུས་ལེགས་ཐོན་རྫས་ཀྱི་མཉམ་འབྲེལ་ལ་གྲོས་ཞིབ་དང་མུ་མཐུད་དུ་ཏུར་མེན་སི་ཐན་ནས་སྲོལ་རྒྱུ་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱས་ཏེ་ཕྱོགས་གཉིས་ཀྱི་ཐོན་སྐྱེད་དང་གློག་ཤུགས། བརྡ་འཕྲིན་ལག་རྩལ། གློག་འཕྲིན། འགྲིམ་འགྲུལ། དངུལ་རྩ། ཞིང་ལས། བཟོ་སྐྲུན་སོགས་ཁྱབ་ཁོངས་སོགས་ཀྱི་མཉམ་ལས་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་འདོད། དེ་མིན་ང་ཚོས་ཏུར་མེན་སི་ཐན་དང་མཉམ་དུ་ན་གཞོན་དང་སློབ་གསོ་། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་བར་ངོས་འཛིན་དང་མཛའ་འབྲེལ་འཕེལ་རྒྱས་གོང་འཕེལ་དུ་གཏང་འདོད་ཅེས་བསྟན།།

  པེར་ཏི་མོའོ་ཧན་མེ་ཏོ་ཧྥོའོ་ཡིས་ང་ཐེངས་འདིར་ཀྲུང་གོར་འཚམས་འདྲི་ཡོང་བ་ནི་ཆེད་དུ་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོས་འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་གི་རྒྱལ་ཁ་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་མ་ལག་འཛུགས་སྐྲུན་ཐད་ལ་མཛད་རྗེས་ཆེན་པོ་བཞག་ཡོད། ཏུར་མེན་སི་ཐན་དང་ཀྲུང་གོས་འཐབ་ཇུས་འབྲེལ་བ་བཙུགས་པའི་ཚུན་ལ་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་གནད་དོན་ཆེན་པོའི་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་དང་བཟོ་ཚོང་། སྣུམ་རླངས། གློག་འཕྲིན། འགྲིམ་འགྲུལ། ཞིང་ལས། འཐག་ལས། ཟས་རིགས། རྫས་འགྱུར་བཟོ་ལས། འཕྲོད་བསྟེན། འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པ་དང་རྨང་གཞིའི་སྒྲིག་འགོད་ཀྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་མཉམ་འབྲེལ་ལ་མདུན་ལྗོངས་ལེགས་པོ་ལྡན། ཕྱོགས་གཉིས་ཀྱིས་སློབ་གསོ་དང་ལུས་རྩལ་སོགས་མི་ཆོས་ཁྱབ་ཁོངས་དང་ས་ཁུལ་གྱི་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་འདིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་འབྲེལ་སྲ་བརྟན་དུ་གཏང་བར་ཕན་ལ། དེ་མིན་ཀྲུང་གོ་དང་ཏུར་མེན་སི་ཐན་གཉིས་ཀྱིས་རྒྱལ་སྤྱི་དང་རང་ས་གནས་ཀྱི་ལས་དོན་མང་བའི་ལངས་ཕྱོགས་གཅིག་མཚུངས་ཡིན་པ་དང་མུ་མཐུད་དུ་འོས་བསྟུན་བྱ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1