ཡི་ཧྥན་གྱིས་བྲག་འགོ་རྫོང་དུ་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-14


   དཀར་མཛེས་ཁུལ་ཨུའི་བཀོད་སྒྲིག་ལྟར། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་གི་བོད་ཁུལ་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུ། ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཏུང་མིང་གིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་(རྒྱས་འཛོམས།)གྲོས་ཚོགས་ཀྱི་དགོངས་དོན་སོགས་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་ཆེད། སྤྱི་ཟླ་11པའི་ཚེས་6ཉིན། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་བཞི་པའི་ཚོགས་གཙོ་ཡི་ཧྥན་དང་། དཀར་མཛེས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲི་ཏོང་ཞིའུ་རྣམ་གཉིས་ཀྱིས་བྲག་འགོ་རྫོང་དུ་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཏུང་མིང་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ། 
   སྒྲོག་འགྲེལ་ཚོགས་འདུའི་ཐོག ཡི་ཧྥན་གྱིས་ཞིབ་ཅིང་ཕྲ་བའི་གཞི་གྲངས་དང་། དཔེ་དོན་འབོར་ཆེན། གསོན་ཉམས་ལྡན་པའི་སྐད་ཆར་བརྟེན་ནས་བོད་ཁུལ་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ངོས་འཛིན་གང་ལེགས་བྱེད་དགོས་པར་དམིགས་ཏེ། ཀྲུང་དབྱང་དང་ཞིང་ཨུའི་ཐུགས་ཁུར་འོག་བོད་ཁུལ་ལས་ཀ་ལ་གྲུབ་འབྲས་ཆེན་པོ་བླངས་པར་ཤེས་རྟོགས་གཏིང་ཟབ་དང་ཁས་ལེན་གང་ལེགས་བྱས་པ་དང་། བོད་ཁུལ་ལས་ཀའི་མཛུབ་ཁྲིད་བསམ་བློ་དང་། བོད་སྐྱོང་ཐབས་ཇུས་དང་རྩ་དོན་གཙོ་བོ་སོགས་གཏིང་ཟབ་ངང་ཁོང་དུ་ཆུད་པ། བོད་ཁུལ་ལས་ཀའི་གཞི་འཛིན་ས་དང་ཤུགས་སྣོན་ས་གཏིང་ཟབ་ངང་ཁོང་དུ་ཆུད་པར་བྱས་ནས། ཕྱོགས་ཡོངས་དང་གཏིང་ཟབ་པོའི་སྒོ་ནས་ཀྲུང་དབྱང་དང་ཞིང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་སོགས་ཀྱི་ཐད་ནས་སྒྲོག་འགྲེལ་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1