བྱམས་ལོས་དཔལ་ཡུལ་རྫོང་དུ་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུ་དང་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་(རྒྱས་འཛོམས།)གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-14


    སྤྱི་ཟླ་11པའི་ཚེས་11ཉིན། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་ལོས་དཔལ་ཡུལ་རྫོང་དུ་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུ་དང་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུའི་(རྒྱས་འཛོམས།)གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཞིང་ཆེན་དང་ཁུལ་ཨུའི་ཚོགས་འདུ་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དངོས་དང་ཕུན་སུམ་ཚོགས་པའི་ནང་དོན་གཏིང་ཟབ་པོའི་སྒོ་ནས་ཤེས་རྟོགས་བྱེད་པ་དང་ཁོང་དུ་ཆུད་དགོས་པར་ནན་བཤད་བྱས། རང་རྟོགས་ཀྱིས་གནད་སྨིན་དབུལ་སྒྲོལ་དང་ཕྱུག་འགྱུར་འབྱོར་འབྲིང་དུ་བསྐྱོད་པར་སྐུལ་འདེད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཞིང་། འགན་ཁུར་ཕོད་པའི་རང་གཤིས་མངོན་རྒྱུ་དང་། དངོས་སྒྲུབ་ཀྱི་རྣམ་འགྱུར་མངོན་གསལ་དོད་པོར་བྱས་ནས་དཔལ་ཡུལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས།
  སྒྲོག་འགྲེལ་ཚོགས་འདུའི་སྐབས། བྱམས་ལོས་རྫོང་དང་ཡུལ་ཤོག་གི་ལས་བྱེད་པ་དང་ཡུལ་ཚོའི་ལས་བྱེད་པའི་འཐུས་མི་ལ་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུ་དང་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་(རྒྱས་འཛོམས།)གྲོས་ཚོགས་ཀྱི་དམིགས་བསལ་གྱི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན་དག་དབྱེ་ཞིབ་དང་གསལ་འགྲེལ་བྱས་པ་དང་། བོད་ཁུལ་ལས་ཀའི་གནས་བབ་ཀྱི་བླང་བྱ་དང་གལ་ཆེའི་རྩ་དོན། ནུས་འདོན་གཙོ་གནད་དང་བྱེད་ཐབས་གལ་ཆེན་སོགས་གསལ་བཤད་བྱས་ཤིང་། གནད་བསྡུས་ཀྱི་སྒོ་ནས་ཀྲུང་དབྱང་དང་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་ལ་ཐུགས་ཁུར་མཐོང་ཆེན་གནང་བ་དང་དཀར་མཛེས་ཀྱི་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་སོགས་ངོ་སྤྲོད་བྱས་པར་མ་ཟད། ད་རུང་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་དམིགས་འབེན་གྱི་བླང་བྱ་དང་ནང་དོན་བྱེད་ཐབས། དཀར་མཛེས་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་སྐུལ་སྤེལ་གཏང་བའི་དུས་བབ་ལས་འགན་དང་བྱེད་ཐབས་འགྲོ་ལམ་སོགས་ལ་གཙོ་གནད་དྲན་སྐུལ་དང་འགག་རྩའི་འགྲེལ་བཤད་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1