ལི་ཁེ་ཆང་གིས་ཧྥ་རན་སིའི་ཕ་རེ་སི་གྲོང་ཁྱེར་ལ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་གློག་འཕྲིན་གྱི་ལམ་ནས་ཧྥ་རན་སིའི་ཙུང་ལི་ཝར་སི་ལ་འཚམས་འདྲི་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-16


  སྤྱི་ཟླ་11པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཕེ་རིས་ལ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་གློག་འཕྲིན་གྱི་ལམ་ནས་ཧྥ་རན་སིའི་ཙུང་ལི་ཝར་སི་ལ་འཚམས་འདྲི་ཞུས་ཞིང་འདས་པོ་དག་དང་འདས་པོའི་དག་གི་ཁྱིམ་མིར་ལྷག་སེམས་རྣམ་དག་གིས་མྱ་ངན་དང་འཚམས་འདྲི་ཞུས། དེ་མིན་འཇིགས་སྐུལ་བྱ་སྤྱོད་ལ་ངོ་རྒོལ་དང་མ་རངས་པའི་དགོངས་ཚུལ་བསྟན། 

  ལི་ཁེ་ཆང་གིས་འཚམས་འདྲི་ཞུས་པའི་གློག་འཕྲིན་ནང་ཀྲུང་གོ་སྲིད་གཞུང་གིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཧྥ་རན་སི་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་དང་འཇབ་རྒོལ་ལ་གདོང་གཏད་དེ་ཀྲུང་གོ་དང་ཧྥ་རན་སི། དེ་མིན་འཛམ་གླིང་མི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1