ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཕ་རེ་སི་གྲོང་ཁྱེར་ལ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་གློག་འཕྲིན་གྱི་ལམ་ནས་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་ལ་འཚམས་འདྲི་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-16


  སྤྱི་ཟླ་11པའི་ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སི་ཡི་ཕེ་རིས་གྲོང་ཁྱེར་ལ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་གློག་འཕྲིན་གྱི་ལམ་ནས་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་ལ་འཚམས་འདྲི་ཞུས། 

  ཞི་ཅིན་ཕིང་གིས་ཕེ་རིས་གྲོང་ཁྱེར་ལ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་སྣ་མང་པོར་རྨས་སྐྱོན་ཕོག་པ་ཐོས་བྱུང་། ཧྥ་རན་སི་མི་དམངས་སྡུག་བསྔལ་གྱིས་མནར་དུས་ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཤིང་དེ་མིན་ང་སྒེར་ངོས་ནས་དམུ་རྒོད་ཀྱི་བྱ་སྤྱོད་འདིར་ངོ་རྒོལ་དང་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ལ་མྱ་ངན་ཞུས་པ་དང་རྨས་མ་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་ལྷག་སེམས་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཞེས་བསྟན།

  ཞི་ཅིན་ཕིང་གིས་ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་བཞིན་ཡོད། ཧྥ་རན་སི་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1