གསེར་རྟ་རྫོང་གིས་ཆེད་རམས་པ་གདན་དྲངས་ཏེ་གནད་སྨིན་དབུལ་སྐྱོར་གྱི་ཆེད་དོན་འཆད་ཁྲིད་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-18


   2015ལོའི་ཟླ་11པའི་ཚེས་15ཉིན། གསེར་རྟ་རྫོང་གིས་གེ་སར་ཟློས་གར་ཁང་ནས་གསེར་རྟ་རྫོང་གི་ལྟེ་གནས་ཚོགས་ཆུང་གི་སློབ་སྦྱོང་རྒྱས་འཛོམས་ཚོགས་འདུ་འཚོགས། ལྟེ་གནས་ཚོགས་ཆུང་གི་ཁོངས་མི་དང་རྫོང་ཡོངས་ཀྱི་ཁོའི་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ། ཡུལ་ཤོག་དང་གྲོང་རྡལ་ཚང་མའི་ཧྲུའུ་ཅི་དང་པོ་བཅས་ཁྱོན་མི་263ཚོགས་འདུར་ཞུགས། ཚོགས་འདུའི་ཐོག་ཏུ་ལྷོ་ནུབ་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུའོ་ཞེ་གདན་འདྲེན་བྱས་ཏེ་གཙོ་ཁྲིད་གནང་། ཀྲུང་གོའི་དབུལ་སྐྱོར་གསར་སྤེལ་དང་གནད་སྨིན་དབུལ་སྐྱོར་འཐབ་ཇུས་ཀྱི་བརྗོད་དོན་གཙོ་བོར་བཟུང་སྟེ། དཀར་མཛེས་ཁུལ་དང་གསེར་རྟ་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དབྱེ་ཞིབ་བྱས་པ་དང་། སྔོན་ཐོན་གྱི་གྱོད་དཔེ་དཔྱད་གཞི་བྱེད་རྒྱུར་འདོན་སྤྲོད་བྱས། དགེ་རྒན་ཆེན་མོ་ཀྲུའོ་ཞེ་ཡིས་གསེར་རྟ་རྫོང་གི་གནད་སྨིན་དབུལ་སྐྱོར་ལམ་ལུགས་ཀྱི་འཛུགས་སྐྱོང་ནི་དཀར་མཛེས་ཁུལ་ཡོངས་དང་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅེས་གླེང་ཞིང་གསེར་རྟ་རྫོང་གི་གནད་སྨིན་དབུལ་སྐྱོར་གྱི་ལས་ཀ་ལ་གདེང་འཇོག་ཆེན་པོ་བྱས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1