རྔ་བ་ཁུལ་གྱི་ཁྲོན་བོད་ས་མཐོའི་སྤུས་རྟགས་ཅན་ཀྲེ་ཅང་ཞིང་ལས་འགྲེམ་ཚོགས་སུ་མིང་གྲགས་ཁྱབ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 11-26


  རྔ་བ་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་2015ལོའི་ཀྲེ་ཅིང་ཞིང་ལས་འགྲེམ་ཚོགས་ཐོག་ཏུ་ཐོན་པ་དང་ཞིང་ཕྱུགས་ཐོན་རྫས་ལ་འགྲེམ་ཚོགས་ཐོག་དགའ་བསུ་ཆེན་པོ་ཐོབ་ཡོད། 

   རྔ་བ་ཁུལ་ནི་ཀྲེ་ཅང་ཞིང་ལས་འགྲེམ་ཚོགས་ནང་དུ་ཞུགས་ཐེངས་གཉིས་པ་ཡིན་ལ། ད་ལོའི་ཀྲེ་ཅང་ཞིང་ལས་འགྲེམ་ཚོགས་སྟེང་དུ་ཁྲོན་བོད་ས་མཐོའི་ཁྱད་ལྡན་སྐྱེ་ཁམས་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་དང་འགྲེམ་ཚོང་བྱས་པར་མ་ཟད་ད་དུང་ཞིང་ལས་སྤེལ་རེས་དང་མཉམ་ལས་རྒྱ་སྐྱེད་དང་། ཐོན་སྐྱེད་ཕྱིར་འཚོང་འབྲེལ་མཐུད་དང་ཞིང་ལས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏང་བ་དང་། རྔ་བ་ཁུལ་གྱི་ཚོང་དོན་གྲོས་མོལ་འབྲེལ་མཐུད་ཚོགས་འདུ་བཅས་གཉེར་རྒྱུ་རེད། དུས་མཚུངས་སུ། ཀྲེ་ཅང་ཞིང་ཆེན་གྱི་ཁེ་ལས་དང་ཚོང་པབའི་བར་དུ་ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་གི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་། ཕྱིར་ཚོང་འབྲེལ་མཐུད་དང་རྣམ་གྲངས་མཉམ་ལས་སྤེལ་རྒྱུ་ཡིན་པ་དང་། ཁྲོན་བོད་ས་མཐོའི་ཞིང་ཕྱུགས་ཐོན་རྫས་ཀྲེ་ཅང་ཞིང་ཆེན་ལ་ཐད་ཚོང་བྱ་རྒྱུ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1