སི་ཁྲོན་ནུབ་བྱང་རྒྱུད་ཀྱི་བོད་ལུགས་གསོ་རིགས་བོད་སྨན་འཕེལ་རྒྱས་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཁྲེན་ཏུའུ་ནས་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 11-26


   རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁྲེན་ཏུའུ་ནས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་བོད་ལུགས་གསོ་རིགས་དང་བོད་སྨན་འཕེལ་རྒྱས་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཆེད་རམས་པ་དག་གིས་རྔ་བ་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་བསམ་འཆར་ལ་ཉན་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་སི་ཁྲོན་ནུབ་རྒྱུད་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་སྐུལ་འདེད་ལས་ཀ་ལ་མཉམ་དུ་ཞིབ་འཇུག་བྱས། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་ཚོགས་འདུར་ཞུགས་པར་མ་ཟད་གལ་ཆེའི་གསུང་བཤད་གནང་། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཡང་ཁུ་ཉིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་ཀ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། དམངས་གཉེར་གཞུང་ལས་ཁང་གི་ཀྲུའུ་རེན་ཞའོ་ཤོ་ཅིན་བཅས་ཚོགས་འདུར་ཞུགས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1