ལི་ཁེ་ཆང་གིས་ཧང་གྷ་རི་ཡི་ཙུང་ལི་ཨོར་པན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-29


  

  སྤྱི་ཟླ་11པའི་ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྐབས་བཞི་བའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དབུ་ཁྲིད་པའི་གྲོས་ཚོགས་ལ་ཞུགས་པར་ཕེབས་པའི་ཧང་གྷ་རི་ཡི་ཙུང་ལི་ཨོར་པན་དང་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཀྲུང་གོ་དང་ཧང་གྷ་རི་ནི་སྲོལ་རྒྱུན་གྱི་མཛའ་འབྲེལ་རྒྱལ་ཁབ་གཉིས་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་བཟང་པོ་ཞིག་ལ་འཁེལ་འདུག་པ་དང་དངོས་དོན་མཉམ་འབྲེལ་གྱི་ཁྱབ་ཁོངས་ཤིན་ཏུ་ཡངས། རྨང་གཞིའི་སྒྲིག་བཀོད་དང་དངུལ་རྩ། ཞིང་ལས། ཡུལ་སྐོར་ལས་རིགས་སོགས་ཀྱི་མཉམ་འབྲེལ་ལ་གྲུབ་འབྲས་ཆེན་པོ་བླངས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན། ཀྲུང་གོའི་ཕྱོགས་ནས་ཧང་གྷ་རི་དང་བརྩི་འཇོག་དང་འདྲ་མཉམ་གྱི་རྩ་དོན་འོག་མུ་མཐུད་དུ་ཆབ་སྲིད་ཡིད་ཆེས་གཏིང་ཟབ་ཏུ་སྤེལ་བ་དང་འཕེལ་རྒྱས་འཐབ་ཇུས་མཐུད་སྦྲེལ། བཟོ་ཚོང་མཉམ་འབྲེལ་རྒྱ་སྐྱེད། མི་ཆོས་བརྗེ་རེས་གོང་འཕེལ་དུ་གཏང་སྟེ་ཀྲུང་གོ་དང་ཧང་གྷ་རིའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་འབད་བྱ་འདོད་ཅེས་བསྟན། 

  ཨོར་པན་གྱིས་ཀྲུང་གོ་ནི་ཧང་གྷ་རི་ཡི་གྲོགས་པོ་བཟང་པོ་ཡིན། ཧང་གྷ་རིའི་ཕྱོགས་ནས་ཀྲུང་གོས་ཧང་གྷ་རིའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱས་པར་དགའ་དྲིན་ཞུ། ཀྲུང་གོ་དང་ཡོ་རོབ་དབུས་རྒྱུད་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏང་སྟེ་སྔར་ལས་ལྷག་པར་ཧང་གྷ་རི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏང་པ་དང་ཧང་གྷ་རི་དང་སེར་ཝེ་ཡ་ཡི་ལྕགས་ལམ་གཞིའི་འཛུགས་བསྐྲུན་མགྱོགས་མྱུར་ངང་འགོ་ཚུགས་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1