ཞི་ཅིན་ཕིང་གིས་ཕོ་ལན་གྱི་སྲིད་འཛིན་ཏོའོ་ཏ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-29


  སྤྱི་ཟླ་11པའི་ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕོ་ལན་གྱི་སྲིད་འཛིན་ཏོའོ་ཏ་དང་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་གཉིས་འབད་པ་ཆེན་པོའི་སྒོ་ནས་ཀྲུང་གོ་དང་ཕོ་ལན་གྱི་འཐབ་ཇུས་འབྲེལ་བའི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་སུ་གཏང་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ། དེ་མིན་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་16+1མཉམ་འབྲེལ་ལ་སྟོབས་ཤུགས་གསར་པ་བསྣན་པར་མོས་མཐུན་བྱུང་།

  ཞི་ཅིན་ཕིང་གིས་སྲིད་འཛིན་ཏོའོ་ཏ་ཀྲུང་གོ་འཚམས་འདྲི་ཕེབས་པ་དང་སྐབས་བཞི་བའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དབུ་ཁྲིད་པའི་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་ཕོ་ལན་ནི་ཆེས་ཐོག་མར་ཀྲུང་གོ་ཁས་ལེན་དང་འབྲེལ་བ་བཙུགས་མཁན་གྱི་རྒྱལ་ཁབ་ཡིན། 2011ལོར་རྒྱབ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་བ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་དོན་འབྲེལ་བར་གྲུབ་འབྲས་ཆེན་པོ་བླངས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཆབ་སྲིད་ཡིད་ཆེས་ཀྱི་ཆུ་ཚད་མཐོར་འདེགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས། དེ་མིན་སྲིད་གཞུང་དང་ཁྲིམས་འཛུགས་སྡེ་ཁག ཏང་སྲིད་སོགས་བར་གྱི་བརྗེ་རེས་མཉམ་འབྲེལ་རྒྱུན་འཁྱོངས་བྱ་དགོས་པ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་བགྲོ་གླེང་དང་སྙོམས་སྒྲིག་ལ་ཤུགས་སྣོན་བྱ་དགོས། ཕྱོགས་གཉིས་ཀྱི་དངོས་དོན་མཉམ་འབྲེལ་རྨང་གཞི་སྲ་བརྟན་དུ་གཏང་སྟེ་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཕོ་ལན་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་མཐུད་སྦྲེལ་མགྱོགས་མྱུར་ངང་སྤེལ་དགོས། ཀྲུང་གོའི་ཕྱོགས་ནས་ནུས་པ་ཡོད་པའི་ཁེ་ལས་ཕོ་ལན་ལ་མངག་སྟེ་ཚོང་ར་རྒྱ་སྐྱེད་པར་རྒྱབ་སྐྱོར་དང་ཕོ་ལན་གྱི་ཁེ་ལས་ཀྲུང་གོར་ཡོང་ནས་འཕེལ་རྒྱས་གཏང་བར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོའི་ཕྱོགས་ནས་ཕོ་ལན་དང་མཉམ་དུ་དངུལ་རྩ་དང་དམག་ཆས་སྒྲིག་བཟོ། ཁོར་ཡུག་སྲུང་སྐྱོབ། ནུས་ཁོངས་གསར་པ། བརྡ་འཕྲིན་ལག་རྩལ། ཞིང་ལས། ཚན་རྩལ། གློག་རྡུལ་ཚོང་ལས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་རྒྱ་སྐྱེད་འདོད། ཕྱོགས་གཉིས་ཀྱིས་མི་ཆོས་བརྗེ་རེས་རྒྱ་སྐྱེད་དང་ཡུལ་སྐོར་དང་སློབ་གསོ། ས་ཁུལ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕན་ཚུན་རྒྱུས་ལོན་གོང་འཕེལ་དུ་གཏང་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1