ཧུང་ཡོན་རྒྱ་གྲམ་དམར་པོ་ཚོགས་པས་དབུལ་པོའི་སློབ་མ་སྟོང་ལྷག་ལ་དགུན་ཆས་སྤྲད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-30



  ཉེ་ཆར། རྔ་བ་ཁུལ་ཧུང་ཡོན་རྫོང་རྒྱ་གྲམ་དམར་པོ་ཚོགས་པས་ཧུང་ཡོན་རྫོང་གི་སློབ་མ་དབུལ་པོར་ཐུགས་ཁུར་གནང་བའི་དངོས་ཟོག་གཤམ་སྤྲོད་གནང་མཛད་སྒོ་འཚོགས། རྫོང་དེའི་སློབ་མ་དཀའ་ངལ་ཅན་མི་1000ལྷག་ལ་དགུན་ཆས་སྤྲད།
  ད་ཐེངས་སྤྲད་པའི་དགུན་ཆས1000ལྷག་(དེའི་ནང་ལུས་རྩལ་གྱོན་ཆས་དང་རྐང་སྣམ། ལུས་རྩལ་ལྷམ།)ནི་རྫོང་དེའི་རྒྱ་གྲམ་དམར་པོ་ཚོགས་པས་ཕྱོགས་མང་པོས་མཐུན་སྦྱོར་དང་འབད་བརྩོན་ཁྲོད་ཀོང་ཏུང་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ལྡན་པའི་མི་སྣས་དང་ལེན་ཧུར་ཐག་ཐོབ་ནས་འཚང་ཁ་ཤིག་ཤིག་ངང་གོས་དང་དངོས་ཟོག་ཕུལ་བ་རེད། ཞལ་འདེབས་ཐོབ་མཁན་གྱི་དཀའ་ངལ་ལྡན་པའི་སློབ་མ་དག་ནི་སོ་སོར་རྫོང་དེའི་བོད་ཡིག་སློབ་འབྲིང་དང་། རྫོང་སློབ་འབྲིང་། ཁྱུང་མཆུ་གྲོང་རྡལ་དབྱིས་ཏིས་མི་སྣ་གསོ་སྦྱོང་ཞག་སྡོད་སློབ་གྲྭ། ཁྲེང་ཀོན་སློབ་ཆུང་། ཕུགས་རེའི་སློབ་ཆུང་སོགས་ནས་རེད།.།
 
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1