རྒྱལ་ཡོངས་ས་ཁུལ་དང་གྲོང་ཁྱེར་གྱི་ཏང་དེབ་འཕྲིན་སྦྱོར་མཉམ་འདུས་གོང་འཕེལ་གྱི་བགྲོ་གླེང་ཚོགས་འདུ་ནའེ་ཅང་གྲོང་ཁྱེར་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-30


         སྤྱི་ཟླ་11པའི་ཚེས་26ཉིན། ཀྲུང་གོའི་ཚགས་པར་ལས་རིགས་མཐུན་ཚོགས། སི་ཁྲོན་ཞིང་ཆེན་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་གཙོ་སྒྲུབ་དང་། སི་ཁྲོན་ཞིང་ཆེན་གྱི་ཚགས་པར་ལས་རིགས་མཐུན་ཚོགས། ནའེ་ཅང་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་རོགས་སྒྲུབ་བྱས་པའི་རྒྱལ་ཡོངས་ས་ཁུལ་དང་གྲོང་ཁྱེར་གྱི་ཏང་དེབ་འཕྲིན་སྦྱོར་མཉམ་འདུས་གོང་འཕེལ་གྱི་བགྲོ་གླེང་ཚོགས་འདུ་དེ་གསར་འགོད་པ་གྲགས་ཅན་ཧྥན་ཁྲང་ཅང་གི་ཕ་ཡུལ་ནའེ་ཅང་ནས་འཚོགས། མི་དམངས་ཉིན་རེའི་ཚགས་པར་དང་སི་ཁྲོན་ཉིན་རེའི་ཚགས་པར། ཁྲུང་ཆིན་ཉིན་རེའི་ཚགས་པར་སོགས་རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གྱི་ཏང་དེབ་འགན་ཁུར་པ་100ལྷག་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་གོའི་འཕྲིན་སྦྱོར་སློབ་ཆེན། ཀྲུང་ཧྲན་སློབ་ཆེན་གྱི་ཆེད་རམས་པ་གྲགས་ཅན། ཧྲང་ཧའེ་དང་ཀོང་ཏུང་། ཧྥུ་ཅན། ཀྲེ་ཅང་སོགས་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་གྱི་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་འགན་ཁུར་པ། ཐེན་ཞུན། པེ་ཅིང་སློབ་ཆེན་གྱི་ཧྥང་ཀྲེན། ཡེན་ཝང་ཚན་རྩལ་སོགས་དྲ་སྦྲེལ་ལས་རིགས་ནང་ཁུལ་གྱི་མཐོ་རིམ་དང་ཧྥན་ཁྲང་ཅང་གསར་འགྱུར་བྱ་དགའ་ཐོབ་མཁན་ཆ་ཤས་བཅས་མི་གྲངས་300ལྷག་ཚོགས་ཞུགས་བྱས། 

   བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཀྲུང་གོའི་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཧུའུ་ཧའེ་ཧྥུ་ཡིས་གཙོ་སྐྱོང་བྱས། ཀྲུང་གོའི་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོ། མི་དམངས་ཉིན་རེའི་ཚགས་པར་གྱི་འགོ་གཙོ་གཞོན་པ་ཀྲང་ཅེན་ཞེན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡེན་ལི། ནའེ་ཅང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱང་སུང་པའེ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། 

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡེན་ལི་ཡིས་ཤིས་ཚིག་འབུལ་བཞིན་པ། 

ཀྲུང་གོའི་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོ། 

མི་དམངས་ཉིན་རེའི་ཚགས་པར་གྱི་འགོ་གཙོ་གཞོན་པ་ཀྲང་ཅེན་ཞེན་གྱིས་ཤིས་ཚིག་འབུལ་བཞིན་པ། 

  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡེན་ལི་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། སི་ཁྲོན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་གལ་ཆེན་གྱི་དགོངས་དོན་ལ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ་ཤེད་ཤུགས་ཆེན་པོས་སྲོལ་རྒྱུན་འཕྲིན་སྦྱོར་དང་གསར་དར་འཕྲིན་སྦྱོར་གྱི་ནང་དོན། ལམ་བུ། གར་སྟེགས། གཉེར་སྐྱོང་། དོ་དམ་སོགས་ཐད་ནས་མཉམ་འདྲེས་ཟབ་སྤེལ་སྐུལ་འདེད་བྱས་པར་བརྒྱུད་ལངས་གཟུགས་སྣ་མང་དང་མཉམ་འདྲེས་གོང་འཕེལ་གྱི་དེང་རབས་འཕྲིན་སྦྱོར་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས། ཐེངས་འདིའི་གྲོས་ཚོགས་ནི་འགག་རྩ་ཞིག་ཡིན་ཏེ་ས་གནས་སོ་སོས་ཕན་ཚུན་སྤེལ་རེས་དང་། ཉམས་མྱོང་དང་བྱ་ཐབས་སོགས་སློབ་སྦྱོང་ཡག་པོ་བྱས་ཏེ་སི་ཁྲོན་འཕྲིན་སྦྱོར་མཉམ་འདྲེས་གོང་འཕེལ་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་བརྩོན་ལེན་བྱེད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1