ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའོ་ཅིན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


  སྤྱི་ཟླ་11པའི་ཚེས་30ཉིན། རྒྱབ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཕེ་རིས་ནས་ཨུ་རུ་སུའི་སྲིད་འཛིན་ཕུའོ་ཅིན་དང་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གི་དོ་སྣང་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་གནང་།

  ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་ལེགས། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་པའི་གྲོས་མོལ་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་མ་ཟད། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་དག་གི་བརྗེ་རེས་ལའང་ཕན་ནུས་ཆེན་པོ་ལྡན་པ་རེད།  ཀྲུང་གོའི་ཕྱོགས་ནས་ཨུ་རུ་སུ་དང་མཉམ་དུ་འབད་པ་ཆེན་པོའི་ཀྲུང་གོ་དང་ཨུ་རུ་སུའི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་འདོད། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། ཀྲུང་གོའི་ཕྱོགས་ནས་ཨུ་རུ་སུ་འདུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་ངོ་རྒོལ་བྱེད་པར་མཉམ་འབྲེལ་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་འགན་སྲུང་བྱ་འདོད་ཅེས་བསྟན།

  ཕུའོ་ཅིན་གྱིས་ང་རང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་གནང་བར་མོས་འཐད་ཡོད། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་བྱུང་བཞིན་འདུག ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་སོགས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་བའི་དུས་མཚུངས་སུ་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1