སི་ཁྲོན་དུ་སློབ་མ་དང་ལོ་ན་བགྲེས་ཤས་ཀྱི་ཁྲོད་དུ་ཨེ་ཛིའི་ནད་ཀྱི་འགོ་ཚད་ཇེ་མཐོར་འགྲོ་བཞིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


  སི་ཁྲོན་ཞིང་ཆེན་གྱི་འཕྲོད་བསྟེན་དང་འཆར་ལྡན་བཙའ་གསོ་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གསར་གནས་ཚུལ་ལྟར་ན། 2015ལོའི་ཟླ་10པའི་ཚེས་31ཉིན་བར་སི་ཁྲོན་ཞིང་ཆེན་དུ་ཨེ་ཛིའི་ནད་དུག་འགོས་པའི་མི་དང་ཨེ་ཛིའི་ནད་པ་77777དང་ཨེ་ཛིའི་ནད་ཀྱིས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་22072ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ས་ཁུལ།)183ལ་ཨེ་ཛིའི་རིམས་ནད་འགོས་པའི་གནས་ཚུལ་ཡོད་པ་རེད། དེ་ལས་ལའང་ཧྲན་སོགས་གྲོང་ཁྱེར་(ཁུལ།)གྱི་རིམས་ནད་འགོས་ཚད་ཞིང་ཆེན་ཡོངས་ཀྱི་78.2%ཟིན། ཞིང་ཆེན་ཡོངས་ཀྱི་ཨེ་ཛིའི་རིམས་ནད་འགོ་པའི་བརྒྱུད་ལམ་གཙོ་བོ་ནི་དུག་འཐེན་པ་དང་འཁྲིག་པ་སྤྱོད་པ་ཡིན་ལ། འཁྲིག་པ་སྤྱོད་པ་ལས་འགོས་པའི་ནད་པ་མངོན་གསལ་གྱིས་ཇེ་མཐོར་འགྲོ་བཞིན་འདུག་སྟེ་2010ལོའི་50.4%ནས་2015ལོར་87.2%ལ་འཕར་བ་རེད།

  མིག་སྔར་ཞིང་ཆེན་ཡོངས་སུ་སློབ་མ་དང་ལོ་ན་བགྲེས་ཤས་ཀྱི་ཁྲོད་དུ་ཇེ་མང་དུ་འགྲོ་བཞིན་འདུག ན་གཞོན་སློབ་མར་ཨེ་ཛིའི་རིམས་ནད་འགོ་བའི་བསྡུར་ཚད་2010ལོའི་1%ནས་2015ལོའི་1.8%ལ་འཕར་བ་དང་ལོ་ན་60ཡན་ཏེ་ལོ་ན་བགྲེས་ཤས་ལ་ཨེ་ཛིའི་རིམས་ནད་འགོ་པའི་བསྡུར་ཚད་2010ལོའི་5.3%ནས་2015ལོའི་19.9%ལ་འཕར་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1