ཞི་ཅིན་ཕིང་གིས་ཧྥེ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙོའོ་མཱ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-04


 སྤྱི་ཟླ་12པའི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕི་རི་ཐོ་རི་ཡ་ནས་ཧྥེ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙོའོ་མ་དང་མཇལ་འཕྲད་གནང་།

 སྤྱི་ཟླ་12པའི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕི་རི་ཐོ་རི་ཡ་ནས་ཧྥེ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙོའོ་མ་དང་མཇལ་འཕྲད་གནང་།

  སྤྱི་ཟླ་12པའི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕི་རི་ཐོ་རི་ཡ་ནས་ཧྥེ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙོའོ་མ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་ཧྥེ་གླེང་མནའ་འབྲེལ་ཚོགས་པའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོ་བའི་གདེང་འཇོག་གནང་བཞིན་ཡོད། ཧྥེ་གླིང་མནའ་འབྲེལ་ཧྥེ་གླིང་དུ་འཕེལ་རྒྱས་སུ་འགྲོ་བ་དང་གཞི་གཅིག་ཅན་འགྱུར་བའི་འཕེལ་རིམ། དེ་མིན་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་ངེས། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་བགྲོ་གླེང་ལམ་ལུགས་འཐུས་ཚང་། འཐབ་ཇུས་འབྲེལ་བ་འཛུགས་སྐྲུན་བྱ་དགོས། ནུས་ཁོངས་མཉམ་འབྲེལ་ནས་འགོ་བརྩམས་ཏེ་ཀྲུང་གོ་དང་ཧྥེ་གླིང་གི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་དང་ཧྥེ་གླིང་གི་རྨང་གཞི་སྒྲིག་བཀོད་རྗེས་ལུས་ཡིན་དང་འཇོན་མིས་མི་འདང་བའི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱ་ངེས། དེ་མིན་ནད་ཡམས་སྔོན་འགོག་དང་མི་ཆོས་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོ་དང་ཧྥེ་གླིང་མཉམ་འབྲེལ་གྱི་རྣམ་པ་གསར་པ་བསྐྲུན་དགོས། ཀྲུང་གོའི་ཕྱོགས་ནས་ཧྥེ་གླིང་དང་མཉམ་དུ་ཞི་བདེ་གཏན་འཇགས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་དང་རྒྱལ་སྤྱིའི་གལ་ཆེའི་གནད་དོན་གྱི་བརྗེ་རེས་དང་སྙོམས་སྒྲིག མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་ཁབ་མང་པོ་ཁྲོད་འཕེལ་རྒྱས་སུ་འགྲོ་བཞིན་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱ་འདོད་ཅེས་བསྟན།

  ཙོའོ་མཱ་ཡིས་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་འབྲེལ་བགྲོ་གླེང་དབུ་བརྙེས་ཏེ་ལོ་འཁོར་15ལོན་པའི་སྐབས་འདིར་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཧྥེ་རུ་ཕེབས་ཏེ་མཉམ་དུ་སྐབས་གཉིས་པའི་བགྲོ་གླེང་མཐོ་རིམ་གྲོས་ཚོགས་གཙོ་སྐྱོང་གནང་བར་དོན་སྙིང་གལ་ཆེན་ལྡན། ཀྲུང་གོའི་ཕྱོགས་ནས་དུས་ཡུན་རིང་བོར་ཧྥེ་གླིང་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ། ལྷག་པར་དུ་ཧྥེ་གླིང་ལ་ཨེ་པོའོ་ལ་ནད་ཡམས་བྱུང་སྐབས་དུས་ཐོག་ཏུ་རོགས་སྐྱོར་གནང་བ་དང་ཧྥེ་གླིང་མནའ་འབྲེལ་ཚོགས་པའི་ནུས་ཤུགས་འཛུགས་སྐྲུན་ལ་རོགས་འདེགས་གནང་བར་བཀའ་དྲིན་ཆེ་ཞུ་བ་ཡིན། ཧྥེ་གླིང་རྒྱལ་ཁབ་ཀྱིས་2063ལོའི་གྲོས་རིམ་མངོན་འགྱུར་བྱེད་པའི་གོ་རིམ་ཁྲོད་ཀྲུང་གོའི་ཕྱོགས་ཀྱི་འབྲེལ་བར་ཤུགས་སྣོན་བྱ་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1