ཞི་ཅིན་ཕིང་གིས་ཐོ་གོའི་སྲིད་འཛིན་ཧྥོའོ་ལིས་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-04


 སྤྱི་ཟླ་12པའི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོའུ་ཧན་ནེའུ་སི་པོའོ་ནས་ཐོ་གོའི་སྲིད་འཛིན་ཧྥོའོ་ལིས་དང་མཇལ་འཕྲད་གནང་།

 སྤྱི་ཟླ་12པའི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོའུ་ཧན་ནེའུ་སི་པོའོ་ནས་ཐོ་གོའི་སྲིད་འཛིན་ཧྥོའོ་ལིས་དང་མཇལ་འཕྲད་གནང་།

  སྤྱི་ཟླ་12པའི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོའུ་ཧན་ནེའུ་སི་པོའོ་ནས་ཐོ་གོའི་སྲིད་འཛིན་ཧྥོའོ་ལིས་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐོ་གོ་ནི་སྲོལ་རྒྱུན་གྱི་མཛའ་འབྲེལ་རྒྱལ་ཁབ་གཉིས་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཐོ་གོའི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་མགྱོགས། ཀྲུང་གོའི་ཕྱོགས་ནས་ཐོ་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་ཆེན་པོ་བྱེད་བཞིན་ཡོད།  དེ་མིན་ཐོ་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་འདོད། རྒྱབ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་བརྗེ་རེས་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་ཏེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། ཀྲུང་གོའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ཐོ་གོ་ལ་མངག་ཏེ་མ་དངུལ་འཇོག་པར་རྒྱབ་སྐྱོར་བྱ་ངེས་ཞེས་བསྟན།

  ཧྥོའོ་ལིས་ཀྱིས་ཐོ་གོས་ཀྲུང་གོའི་སྲོལ་རྒྱུན་མཛའ་འབྲེལ་ལ་གཅེས་སྤྲས་བྱེད་བཞིན་ཡོད་ལ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཐོ་གོ་ལ་དུས་ཡུན་རིང་བོར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་བཞིན་ཡོད། ཐོ་གོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དེ་རྣམ་པ་གསར་པ་ཞིག་ལ་འཁེལ་ཡོད་ལ། འབྲུ་རིགས་བདེ་འཇགས་དང་མཚོ་ལམ། ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་དངོས་རྫས་འཁོར་རྒྱུག་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་མཉམ་འབྲེལ་རྒྱ་སྐྱེད་འདོད་པར་མ་ཟད། ཀྲུང་གོས་ཐོ་གོ་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བར་དགའ་བསུ་ཞུ་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1