འབྱུང་འགྱུར་ལོ་5ཡི་རིང་གི་སི་ཁྲོན་དམངས་འཚོའི་རིས་འགྲེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-04


  ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་གཞུང་དོན་ཐིང་གི་ཀྲུའུ་རེན། ཞིང་ཆེན་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་མ་པོའི་ཡིས་སི་ཁྲོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐོར་གླེང་སྐབས། སི་ཁྲོན་གྱིས་དམངས་འཚོ་ལེགས་བཅོས་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། མང་ཚོགས་དང་འབྲེལ་འདྲིས་དང་མང་ཚོགས་རྩ་བར་འཛིན་རྒྱུ་ནི་སི་ཁྲོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་དོན་གལ་ཆེན་ཞིག་ཡིན།

  2020ལོར། སི་ཁྲོན་གྱི་མྱུར་བགྲོད་གཞུང་ལམ་24འཛུགས་སྐྲུན་དང་ལྕགས་ལམ་15ཇེ་མང་དུ་གཏོང་རྒྱུའི་འཆར་གཞི་བཟོས།
  ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་པ་དང་། རང་བྱུང་ཤིང་སྡོང་ཆེན་པོ་གྲོང་ཁྱེར་ནང་དུ་སྤོར་འཛུགས་བྱེད་པ་གཏན་འགོག་བྱ་དགོས།
  ཚགས་དམ་ནུས་ལྡན་དང་སྤྱི་ཚོགས་མཉམ་བཅོས་ཀྱི་བཟའ་བཅའ་གནོད་མེད་བཅོས་སྐྱོང་གི་མ་ལག་འཛུགས་པ་དང་། རིམ་དབྱེའི་སྨན་བཅོས་ལམ་ལུགས་འཛུགས་པ། གཞུང་གཉེར་སྨན་ཁང་བསྒྱུར་བཅོས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས།
  གྲོང་སྡེ་ཀྱི་དབུལ་ཕོངས་མི་འབོར་ཁྲི་497དེ་2020ལོར་སླེབས་སྐབས་ཚང་མ་དབུལ་སྒྲོལ་བྱེད་པ།
  མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་གཏང་བ་དང་། དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱེད་ཤུགས་ཇེ་ཡངས་སུ་གཏང་བ།
  ཁྱོ་ཤུག་གཅིག་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1