ཞི་ཅིན་ཕིང་གིས་ཁེ་ཉི་ཡའི་སྲིད་འཛིན་ཁེ་ཡཱ་ཐཱ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-06


  སྤྱི་ཟླ་12 ཚེས་3 ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོའུ་ཧན་ནེའུ་སི་པོའོ་ནས་ཁེ་ཉི་ཡའི་སྲིད་འཛིན་ཁེ་ཡཱ་ཐཱ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་ཁེ་ཉི་ཡ་རྒྱལ་ཁབ་གཉིས་ཀྱིས་ཡིད་ཆེས་འདྲ་མཉམ་དང་མཉམ་འབྲེལ་མཉམ་རྒྱལ་གྱི་ཕྱོགས་ཡོངས་མཉམ་ལས་མཛའ་འབྲེལ་ལ་གསོན་ཤུགས་ཆེན་པོ་ལྡན། ཀྲུང་གོའི་ཕྱོགས་ནས་ཁེ་ཉི་ཡ་དང་ལྷན་དུ་འབད་བརྩོན་ཆེན་པོས་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོ་དང་ཁེ་ཉི་ཡའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་ཕེབས་པར་སྐུལ་འདེད་གཏང་འདོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏང་བ་དང་མཐོ་རིམ་མི་སྣ་བར་གྱི་འགྲོ་འོང་རྒྱུན་འཁྱོངས། གཉིས་ཕན་མཉམ་ལས་རྒྱ་སྐྱེད། དེ་མིན་ལྕགས་ལམ་དང་དཔལ་འབྱོར་དམིགས་བསལ་ཁུལ་སོགས་ལས་གཞི་གལ་ཆེན་དག་གི་མཉམ་འབྲེལ་ལག་བསྟར་བྱ་དགོས། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་འབྲེལ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་རིག་གནས་ལྟེ་གནས་སོགས་ལས་གཞི་ལ་སྐུལ་འདེད་དང་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་མཉམ་འབྲེལ་རྒྱ་སྐྱེད། རྒྱལ་སྤྱིའི་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་བ་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ཀྱི་བརྗེ་རེས་འོས་བསྟུན་ལ་ཤུགས་སྣོན་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཁེ་ཉི་ཡ་ཡིས་ས་གནས་ཀྱི་ཞི་བདེ་གཏན་འཇག་ལ་འགན་སྲུང་བྱེད་པའི་ཐད་ནས་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱ་ངེས་ཞེས་བསྟན།

  ཁེ་ཡཱ་ཐཱ་ཡིས་མིག་སྔར་ཁེ་ཉི་ཡ་དང་ཀྲུང་གོའི་མཉམ་ལས་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་ཡོད་ལ་རྒྱལ་ཁབ་གཉིས་ཀྱི་དངོས་དོན་མཉམ་འབྲེལ་ལ་གཡུར་དུ་ཟ་བའི་འབྲས་བུ་བླངས་ཡོད། ཁེ་ཉི་ཡ་ཡིས་ཀྲུང་གོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ལས་གཞི་ལག་བསྟར་བྱེད་འདོད་པར་མ་ཟད། ཧྥེ་གླིང་རྒྱལ་ཁབ་ཀྱི་བཟོ་ཚོང་མཉམ་འབྲེལ་དང་མི་སྣ་འགྲོ་འོང་ལ་སྐུལ་འདེད་གཏང་སྟེ་ཧྥེ་གླིང་དང་ཀྲུང་གོའི་མཉམ་འབྲེལ་མཉམ་རྒྱལ་གྱི་མཉམ་ལས་འབྲེལ་བ་མངོན་འགྱུར་བྱ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1