ཞི་ཅིན་ཕིང་གིས་ན་མི་པ་ཡའི་སྲིད་འཛིན་གུན་གི་པོའོ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-06


  སྤྱི་ཟླ་12པའི་ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོའུ་ཧན་ནེའུ་སི་པོའོ་ནས་ན་མི་པ་ཡའི་སྲིད་འཛིན་གུན་གི་པོའོ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ན་མི་པ་ཡ་ནི་ཀྲུང་གོའི་ཧྥེ་གླིང་གི་མཉམ་འབྲེལ་གྲོགས་པོ་བཟང་པོ་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྒན་རབས་པ་ཚོས་བསྐྲུན་པའི་ཀྲུང་གོ་དང་ན་མི་པ་ཡའི་སྲོལ་རྒྱུན་མཛའ་འབྲེལ་ནི་ང་ཚོའི་ཐུན་མོང་གི་རིན་ཐང་བྲལ་བའི་རྒྱུ་ནོར་ཡིན། ཀྲུང་གོའི་ཕྱོགས་ནས་ན་མི་པ་ཡ་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་དེ་མཉམ་ལས་འཕེལ་རྒྱས་ཀྱི་སྟོབས་ཤུགས་སུ་བསྒྱུར་འདོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་དགོས། དེ་མིན་དངོས་དོན་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་ཏེ་ཀྲུང་གོའི་ཁེ་ལས་ན་མི་པ་ཡིའི་འགྲིམ་འགྲུལ་དང་མཚོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཞུགས་པར་སྐུལ་འདེད་གཏང་སྟེ་ན་མི་པ་ཡའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱ་ངེས། རྒྱལ་ཁབ་གཉིས་ཀྱིས་རིག་གནས་དང་སློབ་གསོ། ན་གཞོན། འཕྲིན་སྦྱོར། ཡུལ་སྐོར་ལས་རིགས་སོགས་ཀྱི་མཉམ་འབྲེལ་རྒྱ་སྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་སྤྱི་ཚོགས་དང་དམངས་སེམས་རྨང་གཞི་སྲ་བརྟན་དུ་གཏང་དགོས། ཀྲུང་གོའི་ཕྱོགས་ནས་ན་མི་པ་ཡ་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ལ་མཉམ་འབྲེལ་བྱས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་འགན་སྲུང་བྱ་འདོད་ཅེས་བསྟན།

  གིན་གི་པོའོ་ཡིས་ན་མི་པ་ཡ་དང་ཀྲུང་གོ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་གྲོགས་པོ་ཡིན། ན་མི་པ་ཡའི་མི་རིགས་རང་བཙན་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཀྲུང་གོའི་རྒྱབ་སྐྱོར་ཆེན་པོ་ཐོབ། རྣམ་པ་གསར་བའི་འོག ན་མི་པ་ཡའི་ཕྱོགས་ནས་རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས། ནུས་ཁུངས་གསར་འབྱེད་སོགས་ཀྱི་ཁྱབ་ཁོངས་ཀྱི་ཀྲུང་གོའི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདེད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1