སི་ཁྲོན་གྱི་དབུལ་ཕོངས་རྫོང་88ཀྱི་ཞིང་ལས་ཐོན་ལས་དབུལ་སྐྱོར་འཆར་འགོད་ལེགས་གྲུབ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-09


     ཟླ་བ་གཉིས་ཀྱི་སྔོན་དུ། ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཆེད་དམིགས་ཇུས་གཞི་ཆེན་པོ་བཅུའི་གྲས་ཀྱི་《སི་ཁྲོན་ཞིང་ཆེན་ཐོན་ལས་དབུལ་སྐྱོར་ཆེད་དམིགས་ཇུས་གཞི།》 བཏོན། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་88ཀྱི་ཞིང་ལས་ཐོན་ལས་དབུལ་སྐྱོར་འཆར་འགོད་ཚང་མ་བཏོན་ཚར། འདི་ནི་གསར་འགོད་པས་ཟླ་12པའི་ཚེས་7ཉིན་སྐོང་ཚོགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་ལས་དབུལ་སྐྱོར་ལས་ཀའི་སྦྱོང་བརྡར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཡིན། 
     གསོ་སྦྱོང་ཚོགས་འདུའི་ཐོག་ཏུ། ཨུ་མོང་རི་བོའི་ཁུལ།(དེའི་ནང་ལེའང་ཧྲན་ཆེ་བ་དང་ཆུང་བའི་དབྱིས་རིགས་ས་ཁུལ་འདུས།) ཆིན་པ་ཧྲན་རི་ཁུལ། བོད་རིགས་ས་ཁུལ་གྱི་ཞིང་ལས་སྡེ་ཁག་གི་གཙོ་འགན་འཁུར་མཁན་དང་། དེ་བཞིན་ལས་སྒོའི་རྐང་འཛིན་པ་ཐུན་མོང་གིས་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཞིང་། དབུལ་སྐྱོར་སྲིད་ཇུས་གསར་བ་དང་ཐོན་ལས་དབུལ་སྐྱོར་བྱེད་ཐབས་སློབ་སྦྱོང་ལས་གཞན། ད་ལོའི་སྦྱངས་འབྲས་རེའུ་མིག་ཀྱང་སྤྲད་པ་སྟེ། དལོར་རང་ཞིང་གིས་ཞིང་ལས་ཚན་རྩལ་མི་སྣ་ཁྲི་གྲོང་ཚོ་ཁྲིར་བསྐྱོད་དེ་ལག་རྩལ་དབུལ་སྐྱོར་བྱ་འགུལ་སྤེལ་བ་དང་། ཞིང་ལས་ཚན་རྩལ་མི་སྣ་ཁྲི་དབུལ་ཕོངས་གྲོང་ཚོར་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་ཏུ་སྤེལ་ཏེ། ས་གནས་དེ་གར་རོགས་འདེགས་ཀྱིས་གྲོང་ཚོ་དབུལ་པོའི་ཐོན་ལས་དབུལ་སྐྱོར་འཆར་འགོད་བཟོ་འགོད་བྱེད་པ་དང་། རོགས་རམ་བྱས་ནས་ཞིང་ལས་ཚན་རྩལ་དཔེ་སྟོན་དུད་ཚང་ཁག་ཅིག་སྐྱེད་སྲིང་བྱེད་པ་དང་། སྣེ་ཁྲིད་བྱས་ཏེ་ཞིང་ལས་གཉེར་སྐྱོང་གི་རྣམ་པ་གསར་པ་ཁག་ཅིག་གསོ་སྐྱོང་བྱས་པ་སོགས། དབུལ་ཕོངས་རྫོང་ཁག་གིས་བཏོན་པའི་ཞིང་ལས་ཐོན་ལས་དབུལ་སྐྱོར་འཆར་འགོད་ལ་གཞིགས་ནས། གྲོང་ཚོ་དབུལ་པོ་སོ་སོས་རང་རང་གི་ཁྱད་ཆོས་མངོན་པ་དང་། གྲོང་ཚོ་གཅིག་ལ་ཐོན་རྫས་གཅིག་གི་འཕེལ་རྒྱས་རྣམ་པ་ཞིག་ཆགས་པ་མཚོན་ཡོད།
     ཐོན་ལས་དབུལ་སྐྱོར་གྱི་དངུལ་གཏོང་འགན་སྲུང་ལ་ཤུགས་སྣོན་བྱ་ཆེད། རང་རེ་ཞིང་ཆེན་གྱིས་རྣམ་གྲངས་ཀྱི་མ་དངུལ་དང་རྣམ་གྲངས་བཀོད་སྒྲིག་ཐོག་ས་ཁུལ་དབུལ་པོར་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱ་དགོས། ཞིང་ཆེན་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་ཆེད་དོན་འཆར་གཞིའི་ནང་གསལ་པོ་བསྟན་དོན། 2020ལོར་སླེབས་ཚེ། འབྲེལ་ཡོད་སྡེ་ཚན་ཁག་གིས་དབུལ་ཕོངས་རྫོང་གི་རྣམ་གྲངས་ཀྱི་མ་དངུལ་རྩ་དོན་ཐོག་ལོ་ལྟར་བརྒྱ་ཆའི་50ཡན་ཟིན་ཡོད། མིག་སྔའི་བར། འདི་ལོ་རང་རེ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཐོན་ལས་དབུལ་སྐྱོར་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར་8ལ་ཉེ་བ་དང་། དབུལ་ཕོངས་རྫོང་ལ་བཏང་བའི་ལས་གཞིའི་མ་དངུལ་གྱི་བསྡུར་གྲངས་བརྒྱ་ཆའི་50ལས་བརྒལ་ཡོད། ཞིང་ཆེན་ཞིང་ལས་ཐིང་གི་འབྲེལ་ཡོད་འགན་འཁུར་བས། སང་ལོ་རང་རེ་ཞིང་ཆེན་གྱིས་རྨང་གཞི་འདིའི་སྟེང་ད་དུང་མུ་མཐུད་དུ་ས་ཁུལ་དབུལ་པོའི་རྣམ་གྲངས་མ་དངུལ་གྱི་བཀོད་སྒྲིག་བསྡུར་ཚད་ཇེ་མཐོར་གཏང་བ་དང་། མིག་སྔར་2016ལོའི་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་5ཙམ་སྔོན་རྩིས་བཀོད་སྒྲིག་བྱས་ཡོད་ཅེས་བསྟན།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1