《ས་མཐོའི་དབྱངས་རྟ།》ཞེས་པའི་གླུ་གཞས་འོད་སྡེར་ཕབ་སྐྲུན་ལེགས་འགྲུབ་བྱུང་།

འོད་ཟེར་གྱིས་བྲིས། རྩོམ་སྒྲིག་པ།འོད་ཟེརཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-11



  ཉེ་ལམ་བོད་ཀྱི་གླུ་བ་པད་ཕྲིན་དང་དབལ་ཤུལ་རང་བྱུང་གཉིས་ཀྱི་གླུ་གཞས་བདམས་སྒྲིག་ས་མཐོའི་དབྱངས་རྟ།ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་། རྒྱུས་ལོན་བྱུང་བ་ལྟར་ན། གླུ་གཞས་འོད་སྡེར་འདིར་གླུ་བ་པད་ཕྲིན་དང་དབལ་ཤུལ་རང་བྱུང་གཉིས་ཀྱི་ཉེ་བའི་ལོ་འདི་གའི་རིང་གི་གླུ་གཞས་བརྩམས་ཆོས་དག་ལས་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་འགའ་བདམས་སྒྲིག་བྱས་ཏེ་ཕབ་སྐྲུན་བྱས་པ་ཡིན་ལ། གླུ་གཞས་དེ་དག་ལས་བོད་རང་གི་སྲོལ་རྒྱུན་འགྱུར་ཁུགས་ཀྱི་ཁྱད་ཆོས་མ་དོར་ཞིང་དུས་རབས་གསར་པའི་སྒྱུ་རྩལ་རོལ་མྱོང་གི་བྲོ་བ་མ་ཡལ་བའི་ན་གཞོན་གླུ་བ་གཉིས་ཀྱི་སྒྱུ་རྩལ་འཚོལ་བསྙེག་གི་ཕུགས་བསམ་མངོན་ཡོད། གླུ་གཞས་བདམས་སྒྲིག་ས་མཐོའི་དབྱངས་རྟ།མི་འགྱངས་པར་ཚོང་རར་དགྲམ་འཆར་ཡོད་པས་རྒྱ་ཆེའི་གསན་གཟིགས་གནང་མཁན་ཡོངས་ཀྱིས་རོལ་མྱོང་བྱེད་པར་དགའ་བསུ་ཞུ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1